དེ་རིང་སྔ་དྲོ་ཨོ་གྲི་ས་མངའ་སྡེ་ཡི་གྷོ་པལ་པུར་གྲོང་འཁྱེར་གྱི་ཉེ་འགྲམ་དུ་དྲག་རླུང་ཏིཏ་ལི་ཡིས་ས་རུད་བཟོས་པ།

༄། དེ་རིང་སྔ་དྲོ་ཨོ་གྲི་ས་མངའ་སྡེ་ཡི་གྷོ་པལ་པུར་གྲོང་འཁྱེར་གྱི་ཉེ་འགྲམ་དུ་དྲག་རླུང་ཏིཏ་ལི་ཡིས་ས་རུད་བཟོས་འདུག་ ཨོ་གྲི་ས་མངའ་སྡེ་ཡི་ས་གནས་ཕོན་ཆེན་དུ་དྲག་རླུང་ཏིཏ་ལི་ཚབ་ཆེན་དུ་འགྱུར་བའི་རྐྱེན་པས་ཆར་རླུང་དྲག་པོ་མྱོང་འདུག་ གྷོ་པར་པུར་གྲོང་འཁྱེེར་དུ་ཤིང་སྡོང་དང་གློག་གི་ཕོ་སྣེ་མང་པོ་རྩ་གཏོར་གཏོང་བ་དང་མཁར་དངོས་མང་པོ་གཏོར་བཤིག་གཏོང་ཡོད་འདུག་ ཡིན་ཡང་ད་ལྟའི་ཆར་ཚེ་སྲོག་ཤོར་བའི་གནས་ཚུལ་གཅིག་ཡང་ཐོན་མེད་འདུག་

དེ་ཡང་ཁས་ས་རྒྱ་གར་གནམ་གཤིས་རིག་པའི་ཚན་པས་དེ་རིང་དང་སང་ཉིན་རིང་ཨོ་གྲི་སའི་མཚོ་ཁའི་ས་གནས་ཁ་ཤས་སུ་ཆར་རླུང་དྲག་པོ་ནས་ཧ་ཅང་དྲག་པོའི་ཆར་རླུང་འབབ་པ་དང་ཁེར་རྐྱང་ས་གནས་ཁ་ཤས་་སུ་ཆར་རླུང་ཤིར་ཏུ་དྲག་པོ་ཡོངས་བའི་ཉེན་བརྡ་དམར་པོ་གཏོང་ཡོད་འདུག་གོ།