ནུས་ཤུགས་མདུན་བསྐྱོད་གསར་པར་རྒྱ་གར་གྱི་འགོ་ཁྲིད།

ནུས་ཤུགས་གསར་པ་དང་བསྐྱར་གསོ་འོས་པའི་ལྷན་ཁང་གིས་རྒྱལ་སྤྱིའི་ཉི་གློག་མཐུན་གྲོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་དང་། རྒྱ་གར་རྒྱ་མཚོའི་མཐའ་འཁོར་ལྷན་ཚོགས་ཀྱི་ནུས་ཤུགས་བློན་ཆེན་རིམ་པའི་ཚོགས་ཆེན། རྒྱལ་སྤྱིའི་མ་འཇོག་བསྐྱར་མའི་ཚོགས་ཆེན་དང་ཕྱིར་འཚོང་བཅས་གོ་སྒྲིག་ཞུས་ཡོད། ཚོགས་ཆེན་དེ་དག་གསུམ་སྲིད་བློན་མོ་དྷི་མཆོག་གིས་དབུ་འབྱེད་གནང་ཡོད་པ་རེད། ཚོགས་ཆེན་དེ་དག་གི་དམིགས་ཡུལ་ནི་བསྐྱར་གསོ་འོས་པའི་ནུས་ཤུགས་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ཆེད་འཛམ་གླིང་ཁྱོན་ཡོངས་ཀྱི་འབད་བརྩོན་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱལ་སྤྱིའི་མ་འཇོག་སྤྱི་ཚོགས་རྣམས་རྒྱ་གར་གྱི་ནུས་ཤུགས་འགན་འཁུར་བ་རྣམས་དང་འབྲེལ་མཐུད་བྱ་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་བསྐྱར་གསོ་འོས་པའི་ནུས་ཤུགས་ཀྱི་རྒྱ་གར་དང་རྒྱལ་སྤྱིའི་ཉི་གློག་མཐུན་གྲོགས་ཟླ་གྲོགས་བསྐྱར་གསོ་འོས་པའི་ནུས་ཤུགས་ལ་མ་འཇོག་བྱེད་མཁན་གྱི་ཚོགས་ཆེན་དང་ཕྱིར་འཚོང་ཐེངས་གཉིས་པའི་ཐོག་རྒྱལ་ཁབ་ ༧༧ ལྷག་གི་སྐུ་ཚབ་ལྷན་བཞུགས་གནང་ཡོད་པ་ལས་རྒྱལ་ཁབ་ ༤༠ ཡི་སྐུ་ཚབ་རྣམས་བློན་ཆེན་རིམ་པ་ཆགས་ཡོད་པ་རེད། ཚོགས་ཆེན་ཐོག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་དང་། ཕྱོགས་མངས་འཕེལ་རྒྱས་དངུལ་ཁང་། རྒྱལ་སྤྱིའི་མ་དངུལ། རྒྱལ་སྤྱིའིི་དཔལ་འབྱོར་ཐབས་ལམ་བཅས་ཀྱི་ཚོགས་གཙོ། མཉམ་ལས་ཁྱབ་ཁོངས་ཀྱི་སྐུ་ཚབ་རྣམས་བཅས་མཉམ་བཞུགས་གནང་ཡོད། མ་འཇོག་བསྐྱར་མ་སྤྱི་ལོ་ ༢༠༡༨ ཀྱི་སྐབས་ལ་ཕ་རན་སི་དང་། ཨ་རི། ཨོ་སི་ཊི་ལི་ཡ། དབྱིན་ཇི། ཕིན་ལེནྚི། ཡོ་རོབ་སྤྱི་མཐུན་བཅས་ལྟ་བུའི་བསྐྱར་གསོ་འོས་པའི་ནུས་ཤུགས་འགོ་ཁྲིད་རྒྱལ་ཁབ་རྣམས་ཀྱིས་རྒྱལ་ཁབ་དགུ་ཅན་གྱི་ཚོགས་དུས་ཀྱང་གི་སྒྲིག་ཞུས་ཡོད།

སྲིད་བློན་ན་རེནྡྲ་མོ་དྷི་མཆོག་གིས་རྒྱལ་སྤྱིའི་ཉི་གློག་མཐུན་གྲོགས་ཀྱིས་རྒྱལ་སྤྱིའི་ཉི་གློག་ནུས་ཤུགས་བར་སྟོང་ནང་ཆ་ཤས་གཙོ་བོ་ལེན་རྒྱུ་ཡིན་སྐོར་གསལ་འདོན་བྱེད་པའི་ཐོག་ནས་རྒྱལ་སྤྱིའི་ཉི་གློག་མཐུན་གྲོགས་དེ་གནམ་གཤིས་དྲང་སྙོམས་མངོན་འགྱུར་བཟོ་སའི་སྡིང་ཆ་ཞིག་ཡིན་པ་དང་། དེ་ནི་ང་ཚོས་མ་འོངས་པའི་མ་རབས་རྣམས་པ་རྒྱུད་སྤྲོད་བྱེད་པའི་ལག་རྟགས་ཤིག་རེད། མ་འོངས་པར་རྒྱལ་སྤྱིའི་ཉི་གློག་མཐུན་གྲོགས་འདི་ཉིད་ད་ལྟ་པེ་ཊྲོལ་ཕྱིར་འཚོང་རྒྱལ་ཁབ་མཐུན་ཚོགས་ཇི་ལྟར་ཡོད་པ་དེ་ལྟར་ཞིག་ཆགས་སྲིད་པ་རེད་ཅེས་གསུངས་ཡོད། ད་ལྟ་སྣུམ་ཕྱུག་རྒྱལ་ཁབ་རྣམས་ཀྱིས་བྱེད་པའི་ལས་ཀ་དེ་མ་འོངས་པར་ཉི་གློག་ནུས་ཤུགས་ཀྱི་བྱ་རྒྱུ་རེད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཉམ་བྱས་པ་དེའི་ཐོག་ནས་རྒྱལ་སྤྱིའི་ཉི་གློག་མཐུན་གྲོགས་དེ་མཉམ་སྦྲེལ་རྒྱལ་ཚོགས་ལ་གལ་གནད་ཇི་ཙམ་ཆེན་པོ་ཆགས་མིན་ར་སྤྲོད་ཐུབ་ཀྱི་ཡོད། རྒྱ་གར་སྲིད་བློན་མཆོག་གིས་མུ་མཐུད་གསུངས་པར་གཞིགས་ན་རྒྱ་གར་རྒྱ་མཚོའི་མཐའ་འཁོར་ལྷན་ཚོགས་རྒྱལ་ཁབ་རྣམས་ཀྱི་ནུས་ཤུགས་དཀའ་ངལ་གཅིག་མཚུངས་ཡིན་པ་དང་ང་ཚོས་བསྐྱར་གསོ་འོས་པའི་ནུས་ཤུགས་ལ་དོ་སྣང་བྱེད་དགོས་པའི་རྒྱུར་མཚན་དེར་ཐུག་ཡོད་ཅེས་གསུངས་པ་རེད། སྤྱི་ལོ་ ༢༠༣༠ ལོ་ཚུན་དུ་རྒྱ་གར་གྱི་ནུས་ཤུགས་ཀྱི་བརྒྱ་ཆ་ ༤༠ སྣུམ་རྗེན་མ་ཡིན་པའི་ཐོན་ཁུངས་ནས་མཁོ་འདོན་བྱ་རྒྱུའི་དམིགས་ཚད་བཟུང་ཡོད། སྤྱི་ལོ་ ༢༠༢༢ ཚུན་དུ་ང་ཚོས་བསྐྱར་གསོ་འོས་པའི་ནུས་ཤུགས་ཀྱི་དམིགས་ཚད་ཇི་ཌབ་ལུ་ ༡༧༥ རྒལ་བ་བྱ་རྒྱུ་ཡིན་པ་རེད། སྲིད་བློན་ན་རེནྡྲ་མོ་དྷི་མཆོག་གིས་དབུ་འབྱེད་སྐབས་ལ་བཏོན་པའི་དགོས་འདུན་གཙོ་བི་ཞིག་ནི་འཛམ་གླིུང་གཅིག ཉི་མ་གཅིག སྒྲོམ་གཞི་གཅིག་ཅེས་པ་དེ་ཡིན་པ་རེད།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནིའོ་གྷུ་ཊེ་རི་སིས་གནམ་གཤིས་འགྱུར་ལྡོག་དེ་ད་ཆ་འཚོ་གནས་ལ་ཐད་ཀར་ཉེན་ཁ་བཟོ་མཁན་ཞིག་ཆགས་བཞིན་པའི་སྐོར་ནན་བཤད་གནང་སྟེ། ང་ཚོས་རྒྱལ་སྤྱིའི་བསྐྱར་གསོ་འོས་པའི་ནུས་ཤུགས་ཐག་གཅོད་བྱེད་བཞིན་པ་ཧ་ཅང་གསལ་པོ་རེད། ཇི་ལྟར་ཀྱང་དམིགས་ཚད་སྔར་བས་ཆེ་བ་དང་ལག་ལེན་སྔར་བས་མང་བ་དགོས་པའི་དམིགས་ཚད་ལོན་པ་བྱ་ཕྱིར་ཆབ་སྲིད་ཀྱི་ཆོད་སེམས་ལྡང་ངེས་མེད་པ་རེད་ཅེས་གསུངས་ཡོད།

ནུས་ཤུགས་དང་བསྐྱར་གསོ་འོས་པའི་ནུས་ཤུགས་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་རཇ་ཀུ་མཱར་ཐ་ཀུར་མཆོག་གིས་ང་ཚོའི་སྲིད་བློན་མཆོག་གིས་ང་ཚོར་འཛམ་གླིང་གཅིག་ལ། ཉི་མ་གཅིག སྒྲོམ་གཞི་གཅིག་ཅེས་པའི་ལས་འགན་འཕར་མ་ཞིག་བཀུར་ཡོད། དེ་ནི་འབྱུང་སྲིད་པ་ཞིག་དང་ང་ཚོས་ལེགས་གྲུབ་ཀྱང་ཐུབ་རྒྱུ་རེད། བསྐྱར་གསོ་འོས་པའི་ནུས་ཤུགས་ཐོག་གི་དྷི་ལི་གསར་པའི་ཁྱབ་བསྒྲགས་དེར་རྒྱལ་ཁབ་ ༢༡ ཀྱིས་མོས་མཐུན་བྱས་པ་དང་ཁྱབ་བསྒྲགས་དེས་རྒྱ་གར་རྒྱ་མཚོའི་མངའ་ཁུལ་དུ་བསྐྱར་གསོ་འོས་པའི་ནུས་ཤུགས་ཀྱི་དགོས་མཁོ་ཆེ་རུ་འགྲོ་བཞིན་པ་ཁ་སྐོང་ཕྱིར་དང་། རྒྱ་གར་རྒྱ་མཚོའི་མངའ་ཁུལ་ལ་ཐུན་མོང་གི་བསྐྱར་གསོ་འོས་པའི་ནུས་ཤུགས་ལས་འཆར་འཆར་འགོད་བྱ་རྒྱུ། མངའ་ཁུལ་གྱི་ནུས་ཤུགས་འཛུགས་བསྐྲུན་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ཕྱིར་རྒྱ་གར་རྒྱ་མཚོའོ་མཐའ་འཁོར་འཐུས་ཚབ་རྒྱལ་ཁབ་རྣམས་ཀྱི་ཁྲོད་དུ་མཉམ་ལས་བྱ་རྒྱུར་སྐུལ་འདོད་བྱེད་ཀྱི་ཡོད།

རྒྱ་གར་གྱི་སྤྱི་ལོ་ ༢༠༢༢ ཚུན་གྱི་འཆར་སྣང་དེ་མངོན་འགྱུར་ཡོང་བར་ཨ་སྒོར་ཐེར་འབུམ་ ༧༦ གི་མ་འཇོག་དགོས་ཀྱི་ཡོད་པ་དང་མི་དམངས་མ་དངུལ་ཁོ་ནས་ལྡང་རྒྱུ་མིན་པ་རེད། དེར་རྟེན་སྲིད་བློན་མཆོག་གི་འཆར་སྣང་མངོན་འགྱུར་བཟོ་ཕྱིར་གསར་གཏོད་རང་བཞིན་གྱི་སྒེར་པའི་མ་འཇོག་དགོས་ཀྱི་དགོས་མཁོ་ཆགས་ཀྱི་ཡོད། བསྐྱར་གསོ་འོས་པའི་ནུས་ཤུགས་ཁྱབ་ཁོངས་ནང་ནུས་ཤུགས་གཙང་མ་དང་། མྱུར་སྤྲོད་ཆེད་སྤྲོད་འཇལ་བདེ་འཇགས་ཐབས་ལམ་བཅས་ཚད་ལྡན་བཟོ་ཆེད་ཀྱི་རྒྱལ་སྤྱིའི་ཐབས་བྱུས་ཟླ་གྲོགས་དང་མཉམ་སྦྲེལ་ཐབས་ལམ་གྱིས་ཡུན་རིང་མདུན་བསྐྱོད་ཐུབ་རྒྱུ་རེད། བསྐྱར་གསོ་འོས་པའི་ནུས་ཤུགས་འཕེལ་རྒྱས་ལེགས་གྲུབ་ཡོང་ཕྱིར་ཆབ་སྲིད་ཀྱི་ཐག་གཅོད་མྱུར་པོ་དང་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁར་གདོང་ལེན་ཆེད་ཨ་ཕི་རི་ཀ་ཚུད་པའི་གླིང་ཆེན་དབར་མཉམ་སྦྲེལ་རོགས་རམ་གྱི་དགོས་མཁོ་ཆགས་ཀྱི་ཡོད་པ་རེད། རྒྱ་གར་གྱིས་ལྗང་མར་བསྐྱོད་རྒྱུའི་འབད་བརྩོན་ཁྲོད་སྤྱི་ལོ་ ༢༠༡༥ ནས་ ༢༠༡༨ ལོའི་བར་གྱི་ལོ་གསུམ་ནང་རྒྱ་གར་གྱི་བསྐྱར་གསོ་འོས་པའི་ནུས་ཤུགས་ཁྱབ་ཁོངས་ལ་འཕེལ་རྒྱས་བརྒྱ་ཆ་ ༨༡ ཟིན་པའི་ཐོག་ནས་འགྲོ་ལམ་བསྟན་ཡོད། རྒྱ་གར་གྱི་སྤྱི་ལོ་ ༢༠༣༠ ཚུན་དུ་སྣུམ་རྗེན་མ་ཡིན་པའི་བསྐྱར་གསོ་འོས་པའི་ནུས་ཤུགས་བརྒྱ་ཆ་ ༤༠ དང་ སྤྱི་ལོ་ ༢༠༢༢ ཚུན་དུ་བསྐྱར་གསོ་འོས་པའི་ནུས་ཤུགས་ཀྱི་ཇི་ཌབ་ལུ་ ༡༧༥ ཟིན་པ་བྱ་རྒྱུའི་འཆར་གཞི་དེ་དམིགས་ཚད་མཐོ་བ་ཙམ་མ་ཡིན་པར་འགྲུབ་ཐུབ་རྒྱུ་ཡོད་པ་ཞིག་ཀྱང་རེད། རྒྱ་གར་འདི་ཉིད་བསྐྱར་གསོ་འོས་པའི་ཁྲོམ་ར་ཧ་ཅང་ཆེན་པོ་ཞིག་ཡིན་སྟབས་འཛམ་གླིང་ཁྱོན་ཡོངས་ཀྱི་ཀམ་པ་ནི་རྣམས་ཀྱིས་རྒྱ་གར་ནང་མ་འཇོག་བྱེད་པར་ཡོང་ཐུབ་པ་དང་འཕེལ་རྒྱས་གཏང་ཐུབ།

མ་ཟིན། ཡོ་གྷེཤ་སུད།་གསར་འགོད་པ།