ཕྱི་སྲིད་བློན་ཆེན་སུཤ་མ་སུཨ་རཇ་མཆོག་ཏེ་ཇི་ཀིས་ཐན་དུ་ཚུགས་རྒྱུ་ཡིན་པའི་ཤེན་གའི་སྤྱི་མཐུན་ཚོགས་པའི་ཚོགས་པའི་སི་ཨེཅ་ཇི་ལྷན་ཚོགས་ཐེངས་༡༧ མཉམ་ཞུགས་གནང་རྒྱུ།

༄། ཕྱི་སྲིད་བློན་ཆེན་སུཤ་མ་སུཨ་རཇ་མཆོག་ཟླ་འདིའི་ཚེས་༡༡ དང་༡༢ ཏེ་ཇི་ཀིས་ཐན་གྱི་རྡུ་ཤན་བྷེ་གྲོང་འཁྱེར་དུ་ཚུགས་རྒྱུ་ཡིན་པའི་ཤེན་གའི་སྤྱི་མཐུན་ཚོགས་པའི་ཚོགས་པའི་སི་ཨེཅ་ཇི་ལྷན་ཚོགས་ཐེངས་༡༧ མཉམ་ཞུགས་གནང་རྒྱུ་ཡིན་འདུག་

དེ་ཡང་ཕྱི་ལོ་༢༠༠༧ ལོར་རྒྱ་གར་ཨེས་སི་ཨོ་ཚོགས་པའི་ཚོགས་མི་ཆ་ཚང་འགྱུར་རྗེས་ད་ལན་གྱི་སི་ཨེཅ་ཇི་ལྷན་ཚོགས་སུ་མཉམ་ཞུགས་གནང་བ་ཐེངས་གཉིས་པ་ཡིན་འདུག་ ལོ་སྔོན་མ་སི་ཨེཅ་ཇི་ལྷན་ཚོགས་དང་པོ་རུས་ཀྱི་སོ་ཅི་གྲོང་འཁྱེར་དུ་ཚུགས་ཤིང་སྐབས་དེར་ཕྱི་སྲིད་བློན་ཆེན་མཆོག་གིས་མཉམ་ཞུགས་གནང་ངོ།