བྷང་ལ་དེཤ་ཁྲིམས་ཁང་གིས་སྲིད་དོན་མི་མང་སྡེབས་འཛོམས་སུ་གནོད་འཚེར་མི་༡༩ སྲོག་ཐོག་ཉེས་ཆད་གཏོང་བ།

༄། བྷང་ལ་དེཤ་ཁྲིམས་ཁང་གིས་ཕྱི་ལོ་༢༠༠༤ ལོར་རྒྱལ་ས་གྲ་ཀར་སྲིད་དོན་མི་མང་སྡེབས་འཛོམས་སུ་དྲག་ཅན་བར་གས་གནོད་འཚེར་ཉེས་འཛུགས་ཐོག་མི་༡༩ སྲོག་ཐོག་ཉེས་ཆད་གཏོང་ཡོད་འདུག་

ནག་ཉེད་ར་སྤྲོད་ཀྱི་ཐག་གཅོད་དུ་བྷང་ལ་དེཤ་ཡི་སྲིད་བློན་ཟུར་པ་ཞིག་དང་བློན་ཆརན་གཞོན་པ་ཞིག་ཀྱང་ཡོད་འདུག་ ནག་ཅན་གཉིས་སྔར་བར་གས་སྐབས་གཞུང་འཛིན་སྲིད་དོན་ཚོགས་པ་བྷང་ལ་དེཤ་རྒྱལ་ཞེན་ཚོགས་པའི་འགོ་ཁྲིད་ཡིན་འདུག་

བྷང་ལ་དེཤ་རྒྱལ་ཞེན་སྲིད་དོན་ཚོགས་པའི་ད་ལྟ་ལས་ཚབ་འགོ་ཁྲིད་ཏཱ་རི་ཀི་རེཧ་མན་ལ་ནག་ཅན་འགོ་ཁྲིད་གཉིས་མ་ཚང་བར་རྟེན་ཚེ་གང་བཙོན་འཇུག་གི་ཉེས་པ་གཏོང་འདུག་ ལག་བོམ་གནོད་འཚེ་དེ་ཨ་ཝ་མི་ལིག་ཚོགས་པའི་སྲིད་དོན་མང་ཚོགས་སྡེབས་འཛོམས་སྐབས་བྱུང་སྟེ་མི་༢༤ ཡིས་ཚེ་སྲོག་བླངས་བ་དང་མི་བརྒྱ་ཕྲག་མང་པོར་རྨས་སྐྱོན་བྱུང་ཡོད་འདུག་ ད་ལྟའི་ཆར་ཨ་ཝ་མི་ལིགཱ་ཚོགས་པའུ་འགོ་ཁྲིད་ཤེཀ་ཧ་སི་ནཱ་མཆོག་བྷང་ལ་དེཤ་ཡི་སྲིད་བློན་ཡིན་འདུག་གོ།