སྲིད་བློན་མོདི་མཆོག་གིས་ཁ་གཏད་དུ་ཆབ་སྲིད་ཚོགས་པ་ཇི་མང་ཡོད་ཀྱང་བི་ཇེ་པི་ཆབ་སྲིད་ཚོགས་པས་ཡུལ་མི་རྣམས་ཀྱི་ཕན་བདེ་ཆེད་དུ་ཕྱག་ལས་གནང་རྒྱུ་ཡིན་སྐོར་གསུངས་བ།

ཁས་ས་སྲིད་བློན་ནཱརེནཌྲཱ་མོདི་མཆོག་གིས་ཁ་གཏད་དུ་ཆབ་སྲིད་ཚོགས་པ་ཇི་མང་ཡོད་ཀྱང་བི་ཇེ་པི་ཆབ་སྲིད་ཚོགས་པས་ཡུལ་མི་རྣམས་ཀྱི་ཕན་བདེ་ཆེད་དུ་ཕྱག་ལས་གནང་རྒྱུ་ཡིན་སྐོར་གསུངས་གནང་ཡོད་པ་རེད་འདུག།

དེའང་དེ་སྔོན་བི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཨཱམིཏ་ཤྷ་མཆོག་དང་བྱང་ཤར་ཁུལ་གྱི་མངའ་སྡེའི་བློན་ཆེན་དྲུག་གི་ལྷན་དུ་བྱང་ཤར་ཁུལ་གྱི་མང་གཙོའི་མཐུན་སྒྲིག་གསུམ་པ་གིཝཱཧཱཊི་ལ་མཇལ་ཕྲད་གནང་རྒྱུ་ཡིན་པ་རེད་འདུག།

དེའང་བི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཁོང་ནི་ཉིན་གཅིག་གི་ཚོགས་འངུའི་ཆེད་དུ་གུཝཱཧཱཊི་ལ་ཕེབས་ཀྱིས་ཡོད་འདུག།

ད་དུང་བྱང་ཤར་མང་གཙོའི་མཐུན་སྒྲིག་གིས་༢༠༡༩ ལོའི་རྒྱལ་ཡོངས་ཀྱི་འོས་བསྡུར་གྲོས་ཚོགས་འོག་མར་ས་མི་༢༥ ནས་༢༡ ཐོབ་རྒྱུའི་རེ་བ་བྱེད་ཀྱིས་ཡོད་འདུག།