ཨི་ཊ་ལིའི་སྲིད་བློན་མཆོག་ཟླ་མཇུག་ཏུ་རྒྱ་གར་མཚམས་གཟིགས་སུ་ཕེབས་རྒྱུ།

༄། ཨི་ཊ་ལིའི་སྲིད་བློན་གཱུ་སི་པི་ཀོན་ཊེ་མཆོག་ཟླ་འདིའི་ཚེས་༣༠ རུ་རྒྱ་གར་མཚམས་གཟིགས་སུ་ཕེབས་རྒྱུ་ཡིན་འདུག་ སྐུ་ཞབས་ཀོན་ཊེ་མཆོག་གི་སྐུ་ཚབས་སྡེ་ཁག་ཅིག་མཉམ་དུ་ཁྲིད་དེ་ལོ་འདིའི་རྒྱ་གར་ཨི་ཊ་ལི་འཕྲུལ་ཆས་ལྷན་ཚོགས་སུ་མཉམ་ཞུགས་གནང་བར་ཕེབས་རྒྱུ་ཡིན་འདུག་ ཡོངས་འགྱུར་གྱི་གཞུང་འབྲེལ་མཛད་འཕྲིན་དེ་ནི་སྐུ་ཞབས་ཀོན་ཊེ་མཆོག་གིས་སྲིད་བློན་འགན་འཁུང་བཞེས་རྗེས་རྒྱ་གར་དུ་ལྟ་སྐོར་ཐོཧ་མ་ཡིན་འདུག་

དེ་ཡང་རྒྱ་གར་མཚམས་གཟིགས་སྐབས་སྐུ་ཞབས་མཆོག་གིས་སྲིད་བློན་མོ་དྷི་ལྷན་དུ་ངོས་གཉིས་བར་གྱི་གཞུང་འབྲེལ་གྲོས་མོལ་གནང་རྒྱུ་ཡིན་འདུག་ དབུ་ཁྲིད་རྣམ་གཉིས་ཀྱིས་གྲོས་མོལ་སྒྲུབ་རྗེས་འཕྲུལ་ཆས་ལྷན་ཚོགས་སུ་དགའ་སྐྱེལ་གསུང་བཤད་གནང་རྒྱུ་ཡིན་འདུག་ ཨེ་ཊ་ལི་ནི་ལོ་འདིའི་འཕྲུལ་ཆས་ལྷན་ཚོགས་སུ་རྒྱ་གར་གྱི་ཟླ་རོགས་རྒྱལ་ཁབ་ཡིན་འདུག་གོ།