ཨིན་ཌོ་ནེ་ཤི་ཡའི་རྒྱལ་ནང་གི་ཇ་ཝ་དང་བ་ལི་མཚོ་གླིང་དུ་ས་ཡོམ་ཤུགས་ཆེན་པོ་རྒྱབ་པས་མི་༣ འདས་གྲོངས་སུ་ཕྱིན་ཡོད་པ།

ཨིན་ཌོ་ནེ་ཤི་ཡའི་རྒྱལ་ནང་གི་ཇ་ཝ་དང་བ་ལི་མཚོ་གླིང་དུ་ས་ཡོམ་ཤུགས་ཆེན་པོ་རྒྱབ་པས་མི་༣ འདས་གྲོངས་སུ་ཕྱིན་ཡོད་པ་རེད་འདུག།   དེའང་ས་ཁུལ་དེར་ས་ཡོམ་ཚད་གཞི་༦ ཡིན་པ་ཞིག་རྒྱབ་ཡོད་པ་དང་གཞུང་འབྲེལ་མི་སྣ་ཞིག་གིས་ཤར་ཇ་ཝ་ས་ཁུལ་གྱི་སུ་མེ་ནེབ་ས་གནས་སུ་རྨས་སྐྱོན་བྱུང་བ་རྣམས་ཁས་ས་མཚན་མོའི་གུང་ལ་ཁང་པ་འོག་རྫི་བའི་རྐྱེན་གྱིས་འདས་གྲོངས་སུ་སོང་ཡོད་པ་རེད་འདུག།   ས་ཡོམ་དེའི་བྱུང་སའི་ཁུངས་ནི་བ་ལི་མཚོའི་ནང་ནས་བྱུང་ཡོད་པ་དང་ཇ་ཝ་མཚོ་གླིང་ནས་ཀི་ལོ་མི་ཊར་༤༠ ཙམ་གྱི་ཉེ་འགྲམ་དུ་ཡོད་པའི་སྐོར་ཨ་རིའི་ས་གཞི་རྟགས་དཔྱད་ལྷན་ཁང་གིས་གསུངས་ཡོད་པ་རེད་འདུག།