ཕྱི་སྲིད་བློན་ཆེན་སུཤ་མ་སུ་ཨ་རཇ་མཆོག་གིས་རྒྱལ་ཁབ་ཞིག་གི་འཕེལ་རྒྱས་ལ་འགོག་རྐྱེ་་ཆེ་ཤོས་ནི་འཇིག་སྐྱུལ་རིང་ལུགས་ཡིན་ཞེས་བརྗོད་པ།

༄། ཕྱི་སྲིད་བློན་ཆེན་སུཤ་མ་སུ་ཨ་རཇ་མཆོག་གིས་རེའབགཟའ་པ་སངས་སུ་རྒྱལ་ཁབ་ཞིག་གི་འཕེལ་རྒྱས་ལ་འགོག་རྐྱེ་་ཆེ་ཤོས་ནི་འཇིག་སྐྱུལ་དྲག་རིང་ལུགས་ཡིན་ཞེས་བརྗོད་འདུག་ དེ་ཡང་ཏ་ཇི་ཀིས་ཐན་གྱི་རྡུ་ཤན་བྷེ་གྲོང་འཁྱེར་དུ་འགྲོ་བཞིན་པའི་ཆེ་གྲིས་ཨེས་སི་ཨོ་ལྷན་ཚོགས་སུ་གཏམ་བཤད་དུ་ཁོ་མོས་རྒྱལ་ཁབ་ཁག་གི་གཞུང་གིས་རང་རེའི་འགན་འཁུར་བཞེས་ནས་མཐུན་འགྱུར་མཉམ་ལས་གནང་དགོས་བཅས་བརྗོད་འདུག་ དེ་ཡང་ཕྱི་ལོ་༢༠༠༧ལོར་རྒྱ་གར་ཨེས་སི་ཨོ་ཚོགས་པའི་ཚོགས་མི་ཆ་ཚང་འགྱུར་རྗེས་ད་ལན་གྱི་སི་ཨེཅ་ཇི་ལྷན་ཚོགས་སུ་མཉམ་ཞུགས་གནང་བ་ཐེངས་གཉིས་པ་ཡིན་འདུག་ལོ་སྔོན་མ་སི་ཨེཅ་ཇི་ལྷན་ཚོགས་དང་པོ་རུས་ཀྱི་སོ་ཅི་གྲོང་འཁྱེར་དུ་ཚུགས་ཤིང་སྐབས་དེར་ཕྱི་སྲིད་བློན་ཆེན་མཆོག་གིས་མཉམ་ཞུགས་གནང་ངོ།