མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་གར་འོས་མང་ཤོས་ཐོག་འོས་འདེམས་བྱུང་བ།

༄། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་འོས་རྒྱལ་ཡོངས་ལས་རྒྱ་གར་འོས་མང་ཤོས་ཐོག་འོས་འདེམས་བྱུང་ཡོད་འདུག་ཁས་ས་ཕྱོ་དྲོ་ཨེ་ཤི་ཡ་པེ་སི་ཕིཔ་སྡེ་ཚན་ལས་རྒྱ་གར་ལ་འོས་གྲངས་མང་ཤོས་༡༨༨ ཐོབ་སྟེ་ཕྱི་ལོ་༢༠༡༩ ཟླ་བ་དང་པོའི་ཚེས་༡ ནས་ལོ་གསུམ་རིང་ལས་འགན་འགོ་ཚུགས་ཡིན་འདུག་ དེ་ཡང་མཉམ་སྦྲེལ་རྒྱལ་ཚོགས་སུ་རྒྱ་གར་གྱི་གཏན་འཇག་སྐུ་ཚབ་ས་ཨིདྷ་ཨཀ་བྷ་རུ་རྡིན་མཆོག་གིས་འོས་གྲངས་མང་ཤོས་ཐོག་འོས་བསྡུ་རྒྱལ་ཁ་ཐོབ་པ་དེ་དག་གིས་རྒྱལ་སྤྱིའི་ལྡིངས་ཆར་རྒྱ་གར་གྱི་ངོ་བོ་མཚོན་བཅས་བརྗོད་དོ།