རྒྱ་གར་དང་ཨ་ཛར་བྷའི་ཇན་གཉིས་ཀྱིས་ཚོང་སྦྲེལ་གོང་འཕེལ་གཏོང་བར་མུ་མཐུད་གནང་བ།

༄། རྒྱ་གར་དང་ཨ་ཛར་བྷའི་ཇན་གཉིས་ཀྱིས་ཚོང་སྦྲེལ་གོང་འཕེལ་གཏོང་བར་ལས་གཞི་སྤེལ་བར་མུ་མཐུད་གནང་འདུག་ རེས་གཟའ་པ་སངས་སུ་རྒྱལ་ས་ལྔི་ལིར་རྒྱ་གར་ཨ་ཛར་བྷའི་ཇན་གཞུང་འབྲེཚོང་ལས་དང་དཔལ་འབྱོར་ ཚན་རིག་དང་འཕྲུལ་ཆས་མཉམ་ལས་ལྷན་ཚོགས་ཐེངས་༥ པར་ངོས་གཉིས་ཀྱིས་ཚོང་ལས་དང་དཔལ་འབྱོར་ ཚན་རིག་དང་འཕྲུལ་ཆས་ཐོག་མཐུན་འགྱུར་མཉམ་ལས་གནང་བའི་གྲོས་མཐུན་མཚན་རྟགས་འཇོག་འདུག་

དེ་ཡང་ཉིན་གཉིས་རིང་གི་ལྷན་ཚོགས་དེར་ཚོང་ལས་དང་བཟོ་ལས་བློན་ཆེན་སུ་རེཤ་པར་བུ་དང་ཨེ་ཛར་བྷའི་ཇན་གྱི་སྣོད་བཅུད་རྟེན་འབྲེལ་དང་ཁོར་ཡུག་བློན་ཆེན་མུཀ་ཊར་བྷ་བྷ་ཡེཝ་གཉིས་ཀྱི་ལྷན་འཛོམས་ཐོག་ཚོགས་གཙོ་གནང་འདུག་གོ།