རྒྱལ་སྲུང་བློན་ཆེན་ནིར་མ་ལ་སི་ཊ་རམ་མཆོག་གིས་ཕ་ེནས་རྒྱལ་སྲུང་བློན་ཆེན་ལ་རྒྱ་གར་དུ་བཟོ་ལས་ཀྱི་སྲིད་བྱུས་འོག་རྒྱ་གར་དུ་བཟོ་ཚོང་ཀྱི་ལས་གཞི་སྤེལ་བར་འབོད་པ།

༄། ཁས་ས་ཕ་རནས་ཡི་རྒྱལ་ས་པེ་རིས་སུ་རྒྱལ་སྲུང་བློན་ཆེན་ནིར་མ་ལ་སི་ཊ་རམ་མཆོག་དང་ཕ་རནས་ཡི་རྒྱལ་སྲུང་བློན་ཆེན་ཕོ་ལོ་རེནས་པར་ལེ་གཉིས་བར་གཞིང་འབྲེལ་གྲོས་མོལ་ལེགས་པར་གནང་འདུག་ སྐབས་དེར་རྒྱལ་སྲུང་བློན་ཆེན་ནིར་མ་ལ་སི་ཊ་རམ་མཆོག་གིས་ཕ་རནས་ཡི་གོ་གནས་མཉམ་པའི་བློན་ཆེན་མཆོཧ་ལ་རྒྱ་གར་དུ་བཟོ་ལས་ཞེས་པའི་སྲིད་བྱུས་འོག་རྒྱ་གར་དུ་བཟོ་ཚོང་ཀྱི་ལས་གཞི་སྤེལ་བར་འབོད་འདུག་

དེ་ཡང་དེ་ཡང་རྒྱལ་སྲུང་བློན་ཆེན་ནིར་མ་ལ་སི་ཏཱ་རམ་མཆོག་ཉིན་གསུམ་རིང་གི་ཕ་རནས་གཞུང་འབྲེལ་མཛད་འཕྲིན་དུ་ཕེབས་འདུག་ གཞུང་འབྲེལ་གནས་ཚུལ་བལྟར་ན་ལྕམ་སི་ཏཱ་རམ་མཆོག་ཕ་རནས་ཡི་གོ་གནས་མཉམ་པའི་དབུ་ཁྲིད་ལྷན་དུ་གནད་དོན་འདྲ་མིན་ཐོག་གྲོས་མོལ་གནང་སྟེ་ངོས་གཉིས་བར་གྱི་དམག་དོན་འབྲེལ་ལལ་གོང་འཕེལ་གཏོང་བ་དང་ཐུན་མོང་གི་མངའ་ཁུལ་དང་རྒྱལ་སྤྱིའི་རྩོད་གཞི་ཁག་ཐོག་བསམ་ཞིབ་གྲོས་བསྡུར་གནང་རྒྱུ་ཡིན་འདུག་

དབུ་ཁྲིད་རྣམ་གཉིས་ཀྱི་གྲོས་བསྡུར་དུ་དམག་དོན་གྲོས་འཆར་དང་མཚོན་ཆ་སོགས་ཟུང་སྦྲེལ་འདོམ་སྤེལ་ཡོངས་བར་གོ་བསྡུར་གནང་རྒྱུ་ཡིན་འདུག་ དེ་སྔོན་ཕ་རནས་སྲིད་འཛིན་ཨི་མེ་ནོལ་མེཀ་རོན་མཆོག་གིས་ཟླ་བ་གསུམ་པར་རྒྱ་གར་མཚམས་གཟིགས་སྐབས་གཞུང་གཉིས་ཀྱི་དམག་དོན་འབྲེལ་ལམ་གོང་འཕེལ་དང་འཇིག་སྐྱུལ་རིང་ལུགས་ཁ་གཏད་གཅོག་པར་མཉམ་ལས་གནང་བར་མུ་མཐུད་གནང་ཡོད་དོ།