ལི་ཅི་ཊེན་སི་ཊེན་གྱི་རྒྱལ་སྲས་ཨ་ལོ་མཆོག་གིས་སྲིད་འཛིནརཱམནཱཐ་ཀོཝིནྜ་མཆོག་དང་སྲིད་འཛིན་ཕོ་བྲང་དུ་མཇལ་ཕྲད་གནང་བ།

ཁས་ས་རེས་གཟའ་པ་སངས་སུ་ལི་ཅི་ཊེན་སི་ཊེན་གྱི་རྒྱལ་སྲས་ཨ་ལོ་མཆོག་གིས་སྲིད་འཛིནརཱམནཱཐ་ཀོཝིནྜ་མཆོག་དང་སྲིད་འཛིན་ཕོ་བྲང་དུ་མཇལ་ཕྲད་གནང་ཡོད་པ་རེད་འདུག།   དེའང་སྲིད་འཛིན་ཀོཤིནྜ་མཆོག་གིས་རྒྱལ་སྲས་སུ་ཁོང་རང་གི་རྒྱ་གར་འཚམས་གཟིགས་ནི་དམིགས་བསལ་ཅན་ཞིག་ཡིན་པ་དང་དེ་ནི་རྒྱལ་ཁབ་གཉིས་པོའི་དབར་གཞུང་འབྲེལ་འགོ་འཛུགས་ནས་ལོ་༢༥ འཁོར་བའི་དུས་དྲན་སྲུང་བརྩི་དང་སྟབས་བསྟུན་པས་ཡིན་སྐོར་གསུངས་འདུག།