མཱདྱཱ་པྲཱཌེཤ་མངའ་སྡེའི་ནང་དུ་གསལ་བསྒྲགས་ཀྱི་རྗེས་སུ་དེ་རིང་ནས་ས་གནས་གྲོས་ཚོགས་ཀྱི་འོས་མིའི་ལས་གཞི་དེ་རིང་ནས་འགོ་འཛུགས་རྒྱུ་ཡིན་པ།

མཱདྱཱ་པྲཱཌེཤ་མངའ་སྡེའི་ནང་དུ་གསལ་བསྒྲགས་ཀྱི་རྗེས་སུ་དེ་རིང་ནས་ས་གནས་གྲོས་ཚོགས་ཀྱི་འོས་མིའི་ལས་གཞི་དེ་རིང་ནས་འགོ་འཛུགས་རྒྱུ་ཡིན་པ་རེད་འདུག།   མངའ་སྡེའི་ནང་དུ་འདི་ཟླའི་ཕྱི་ཚེས་༢༨ ཉིན་ལ་འོས་བསྡུ་བྱེད་རྒྱུ་ཡིན་ཡང་ད་བར་ཆབ་སྲིད་ཚོགས་པ་ཆེ་བ་ཅིའང་གིས་འོས་མིའི་མིང་ཐོ་འདོན་མེད་པ་རེད་འདུག།

གནས་ཚུལ་ལྟར་ན་བི་ཇེ་པི་ཆབ་སྲིད་ཚོགས་པ་དང་ཀོང་རེ་སི་ཆབ་སྲིད་ཚོགས་པས་འོས་མིའི་མིང་ཐོ་དང་པོ་དེ་རིང་འདོན་སྲིད་པའི་སྐོར་ཤེས་གསལ་འདུག།