དཔལ་འབྱོར་བློན་ཆེན་ཨཱརུན་ཇེཊལི་མཆོག་གིས་རྒྱ་གར་རྒྱལ་ཁབ་རྒྱལ་སྤྱིའི་ནང་དཔལ་འབྱོར་ལེགས་ཤོས་གསུམ་ངྱི་ནང་དུ་སླེབས་རྒྱུའི་རེ་བ་གནང་བ།

དཔལ་འབྱོར་བློན་ཆེན་ཨཱརུན་ཇེཊལི་མཆོག་གིས་རྒྱ་གར་རྒྱལ་ཁབ་རྒྱལ་སྤྱིའི་ནང་དཔལ་འབྱོར་ལེགས་ཤོས་གསུམ་གྱི་ནང་དུ་སླེབས་རྒྱུའི་རེ་བ་གནང་ཡོད་པ་རེད་འདུག།

དེའང་དེ་སྔོན་ཨེ་ཤི་ཡའི་འཕེལ་རྒྱས་དངུལ་ཁང་གིས་དཔལ་འབྱོར་པར་འགྲེམས་སུ་རྒྱ་གར་གྱི་དཔལ་འབྱོར་ཤེད་ཤུགས་ཅན་ཐོག་འཕེལ་རྒྱས་ཀྱི་ལམ་དུ་འགྲོ་བཞིན་ཡོད་པ་ལོ་རེའི་དཔལ་འབྱོར་འགྲེམས་སྤེལ་དུ་བྲིས་འདུག་

རྒྱ་གར་གྱི་དཔལ་འབྱོར་གྲི་མོ་ནི་ཊའུ་ཛེ་ཤན་དང་དངོས་ཟོག་དང་ཞབས་ཞུའི་ཁྲལ་འབབ་གསར་པས་མྱུར་ཚད་ཉུང་དུ་གཏོང་རྒྱུ་ཡིན་པ་ཚང་མས་སྔོན་དཔགས་བྱས་རྗེས་ད་ལོར་འཕྱེལ་རྒྱས་ཀྱི་བརྒྱ་ཆ་༧.༣ རུ་འགྱུར་མེད་དང་ལོ་རྗེས་མར་བརྒྱ་ཆ་༧.༦ རུ་འཕེལ་རྒྱས་འགྲོ་རྒྱུ་ཡིན་པ་སྔོན་བརྡ་གཏོང་འདུག་གོ།