སྲིད་འཛིན་ཀོཝིནྜ་མཆོག་གིས་དེ་རིང་ཨུཊྚཱརཱཁཱནྜ་ལ་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་ཨེམ་སི་སྨན་རིག་མཐོ་སློབ་ཀྱི་སློབ་མཐོན་དགའ་སྟོན་དང་པོར་གསུང་བཤད་གནང་རྒྱུ་ཡིན་པ།

སྲིད་འཛིན་རཱམནཱཐ་ཀོཝིནྜ་མཆོག་གིས་དེ་རིང་ཨུཊྚཱརཱཁཱནྜ་ལ་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་རིཤིཀེཤ་ལ་ཡོད་པའི་ཨེམ་སི་སྨན་རིག་མཐོ་སློབ་ཀྱི་སློབ་མཐོན་དགའ་སྟོན་དང་པོར་གསུང་བཤད་གནང་རྒྱུ་ཡིན་པ་རེད་འདུག།

དེའང་གཞུང་འབྲེལ་གནས་ཚུལ་ལྟར་ན་སྲིད་འཛིན་ཀོཝིནྜ་མཆོག་གིས་གྱན་ཀུམྦ་དུས་ཆེན་དང་པོ་དེ་དབུ་འབྱེད་གནང་རྒྱུ་ཡིན་པ་རེད་འདུག།   དེའང་དུས་ཆེན་དེ་ནི་ཨུཊྚཱརཱཁཱནྜ་མངའ་སྡེའི་གཞུང་གི་མཐོ་སློབ་ལས་དོན་གྱི་ལྷན་ཁང་དང་ཧཱརིདྭཱར་ལ་ཡོད་པའི་པཱཏནཇཱལི་གཙུག་ལག་སློབ་གྲྭ་ཆེན་པོ་གཉིས་པོས་མཉམ་སྦྲེལ་ཐོག་གོ་སྒྲིག་གནང་ཡོད་པ་རེད་འདུག།