ཇཱམུ་ཀཱཤྨིར་མངའ་སྡེའི་ནང་གི་ཤོཔེན་ས་ཁུལ་དུ་གདོང་ཐུག་རྒྱག་པར་དྲག་སྤྱོད་པ་གཉིས་གསོད་ཡོད་སྐོར།

ཁས་ས་ཕྱི་དྲོར་ཇཱམུ་ཀཱཤྨིར་མངའ་སྡེའི་ནང་གི་ཤོཔེན་ས་ཁུལ་དུ་གདོང་ཐུག་རྒྱག་པར་དྲག་སྤྱོད་པ་གཉིས་གསོད་ཡོད་པ་རེད་འདུག།

དེའང་མེ་མདའ་འཐབ་རྒོལ་དེ་ནི་སྲུང་དམག་གིས་འཇིག་སྐུལ་པ་གྲོང་གསེབ་དེར་གབ་པའི་གནས་ཚུལ་ཐོབ་པའི་རྗེས་སུ་འཚོལ་སྒྲུབ་ཀྱི་ལས་གཞི་འགོ་འཛུགས་པའི་རྗེས་སུ་བྱུང་ཡོད་པ་རེད་འདུག།

སྲུང་དམག་རྣམས་ཀྱིས་འཇིག་སྐུལ་པ་དེ་རྣམས་ལ་མཐའ་སྐོར་བས་འཇིག་སྐུལ་པས་མེ་མདའ་རྒྱག་རྒྱུ་འགོ་བཙུགས་པ་དང་དེས་གདོང་ཐུག་འཐབ་རྫིང་བྱེད་ཡོད་པ་རེད་འདུག།