ཧིམཱཅལ་པྲཱཌེཤ་མངའ་སྡེའི་ནང་དུ་ཆར་པ་རྒྱབ་པ་དང་ས་གནས་མཐོ་སར་གངས་རྒྱབ་པས་གནམ་གཤིས་གྲང་དུ་འགྲོ་བ།

ཧིམཱཅལ་པྲཱཌེཤ་མངའ་སྡེའི་ནང་དུ་ཆར་པ་རྒྱབ་པ་དང་ས་གནས་མཐོ་སར་གངས་རྒྱབ་པས་གནམ་གཤིས་གྲང་དུ་འགྲོ་ཡོད་པ་རེད་འདུག།

དེའང་ཤིམལཱ་དང་མཱནཱལི་ལ་ཆར་པ་རྒྱབ་ཡོད་པ་དང་ཀིནཽར་ས་ཁུལ་གྱི་ཀཱལཔཱ་དང་ཅིཏྐུལ་དང་གཞན་ལཱཧོལ་སྤིཏི་ས་ཁུལ་དུ་ཡོད་པའི་ཀེལོང་ས་གནས་སུ་དགུན་ཁའི་གངས་ཐེངས་དང་པོ་དེ་རྒྱབ་ཡོད་པ་རེད་འདུག།