ཀེརེལཱ་མངའ་སྡེའི་ནང་གི་སཱབཱརིམཱལཱ་ལ་ཡོད་པའི་ལྷ་ཨཱབཔཱ་ལྷ་ཁང་མཆོད་མཇལ་དུ་འགོ་ཕྱེ་ཡོད་པ་དང་དེར་སྲུང་སྐྱོབ་དམ་པོ་ཡོད་སྐོར།

དེ་རིང་ཀེརེལཱ་མངའ་སྡེའི་ནང་གི་སཱབཱརིམཱལཱ་ལ་ཡོད་པའི་ལྷ་ཨཱབཔཱ་ལྷ་ཁང་མཆོད་མཇལ་དུ་འགོ་ཕྱེ་ཡོད་པ་དང་དེར་སྲུང་སྐྱོབ་དམ་པོ་ཡོད་པ་རེད་འདུག།   དེའང་ལྷ་ཁང་དེར་གནས་མཇལ་གནང་མཁན་ཆེད་དུ་དང་སྲུང་སྐྱོབ་ཆེད་དུ་སྐོར་སྲུང་བ་༢༣༠༠ དང་ཀོ་མན་ཌོ་༢༠ དང་བུད་མེད་༡༠༠ གྲ་སྒྲིག་ཡོད་པ་རེད་འདུག།   དེའང་སཱབཱརིམཱལཱ་ས་ཁུལ་དང་ཉེ་འགྲམ་ས་ཁུལ་དུ་མི་བཞི་དང་དེ་ལས་ལྷག་པའི་འདུ་ཚོགས་བྱེད་མ་ཆོག་པའི་བཀའ་ཁྱབ་འབྱོར་ཡོད་པ་དང་བཀའ་ཁྱབ་དེ་ནི་ཉིན་གཅིག་གི་རིང་གནས་རྒྱུ་ཡིན་པ་རེད་འདུག།