དེ་རིང་ཉིན་མོར་དཱནཏེརཱས་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན་པ།

དེ་རིང་ཉིན་མོར་དཱནཏེརཱས་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད་འདུག་པ་དང་ཉིན་མོ་འདི་ནི་དིཝ྄ལི་དུས་ཆེན་གྱི་ཉིན་དང་པོ་དེ་ཡིན་པ་རེད་འདུག།   དེའང་མི་རྣམས་ཀྱི་དེ་རིང་གི་ཉིན་མོར་དངོས་རྫས་གསེར་དང་དངུལ་དང་ཧ་ཡང་གི་ཉོ་ཆ་རྒྱག་ཆེད་དུ་ཚེས་བཟང་བརྩིས་ཀྱིས་ཡོད་པ་རེད་འདུག།   ད་དུང་དེ་རིང་དམིགས་བསལ་གྱི་འཕྲུལ་ཆས་དང་མོ་ཊ་ཉོ་ཆ་ཤུགས་ཆེན་པོ་རྒྱག་སྲོལ་ཡོད་པ་རེད་འདུག།

ཉིན་མོ་དེར་སྲིད་བློན་ནཱརེནཌྲཱ་མོདི་མཆོག་གིས་མི་མང་རྣམས་སུ་འཚམས་འདྲི་གནང་ཡོད་པ་རེད་འདུག།   དེའང་སྲིད་བློན་མཆོག་གིས་སྤྱི་ཚོགས་དྲ་རྒྱ་ཊྭི་ཊར་ལ་དམིགས་བསལ་ཅན་གྱི་ཉིན་མོ་དེར་སྤྱི་ཚོགས་སུ་ཞི་བདེ་དང་གོང་འཕེལ་གྱི་སྨོན་ལམ་གནང་ཡོད་པ་རེད་འདུག།