རྒྱ་གར་དང་ལྷོ་ཀོ་རི་ཡའི་དབར་ཡུལ་འཁོར་སྤྲོ་འཆམ་ཡར་རྒྱས་གཏོང་ཆེད་དུ་གྲོས་མཐུན་ཐོག་མཚན་རྟགས་གནང་བ།

ཁས་ས་རེས་གཟའ་ཟླ་བར་རྒྱ་གར་དང་ལྷོ་ཀོ་རི་ཡའི་དབར་ཡུལ་འཁོར་སྤྲོ་འཆམ་ཡར་རྒྱས་གཏོང་ཆེད་དུ་གྲོས་མཐུན་ཐོག་མཚན་རྟགས་གནང་ཡོད་པ་རེད་འདུག།

དེའང་དེ་སྔོན་ཧརཡཱནཱ་མངའ་སྡེའི་གཞུང་གིས་སྭི་ཛར་ལེནྜ་དང་ལྷན་དུ་མངའ་སྡེའི་ནང་དུ་ཡུལ་འཁོར་སྤྲོ་འཆམ་པའི་ཚོང་འབྲེལ་གོང་འཕེལ་གཏོང་ཆེད་དུ་གྲོས་མཐུན་མཚན་རྟགས་རྒྱབ་ཡིན་པ་རེད་འདུག།

དེའང་སྭི་ཛར་ལེནྜ་ཡི་སྐུ་ཚབ་མཆོག་གིས་མངའ་སྡེའི་ཡུལ་འཁོར་སྤྲོ་འཆམ་པའི་ལས་དོན་གྱི་བློན་ཆེན་རཱམ་བིལཱས་ཤཱརམཱ་མཆོག་དང་མཇལ་འཕྲད་གནང་བ་དང་གོང་བཤད་གནད་དོན་དེའི་ཐོག་དོ་དབྱིངས་ཆེན་པོ་ཡོད་སྐོར་གསུངས་གནང་འདུག།