ཨཱཡོདྱཱ་ལ་དིཝཱལི་དུས་ཆེན་སྲུང་རྩི་རྒྱས་པོ་དེ་གྲགས་པ་གསར་གཏོད་བྱུང་ཡོད་པ།

ཨཱཡོདྱཱ་ལ་དིཝཱལི་དུས་ཆེན་སྲུང་རྩི་རྒྱས་པོ་དེ་གྲགས་པ་གསར་གཏོད་བྱུང་ཡོད་པ་རེད་འདུག།   དེའང་ཨཱཡོདྱཱ་ལ་དིཡཱ་འབུམ་གསུམ་ཙམ་གྱི་མཆོད་མེ་སྤར་ཡོད་པ་རེད་འདུག།   མཆོད་མེ་དེ་རྣམས་ནི་ཨུཏྟར་པྲཱཌེཤ་མངའ་སྡེའི་ནང་དུ་ཡོད་པའི་དིཔོཏྶཱཝཱ་ཡི་ཆོས་གནས་ཅན་གྱི་སཱརཱཡུ་གཙང་པོར་སྤར་ཡོད་པ་རེད་འདུག།

དེའང་ལོ་རྒྱུས་ཅན་གྱི་ཕེཛཱབཱད་རྒྱལ་ས་དེ་ད་ནས་བཟུང་ཨཱཡོདྱཱ་ཞེས་རྒྱུ་ཡིན་པ་རེད་འདུག་པ་དང་དེ་སྔོན་ཨཱཡོདྱཱ་གྲོང་སྡེ་ནི་ཕེཛཱབཱད་ས་ཁུལ་འོག་གནས་ཡོད་པ་རེད་འདུག།
གསལ་བསྒྲགས་དེ་ནི་ཨཱཡོདྱཱ་ལ་ཚོགས་པའི་དིཔོཏྶཱཝཱ་མཛད་སྒོར་མི་མང་མང་པོ་འཛོམས་སར་མངའ་སྡེའི་ཆབ་སྲིད་ཡོགི་ཨཱདིཏྱཱནཱཐ་མཆོག་གིས་གནང་ཡོད་པ་རེད་འདུག།