པཱཀིསྟཱན་གཞུང་གིས་རྒྱལ་ཡོངས་བརྙན་འཕྲིན་གྱི་གཙོ་འཁྲིད་གནང་མཁན་ལ་བརྙན་འཕྲིན་རྒྱང་སྲིང་སྐབས་ཚུལ་མིན་གྱི་གནད་དོན་སྟོན་པས་ཕྱིར་འབུད་གཏོང་བ།

པཱཀིསྟཱན་གཞུང་གིས་རྒྱལ་ཡོངས་བརྙན་འཕྲིན་གྱི་གཙོ་འཁྲིད་ཧཱསཱན་ཨིམཱཌ་མོཧཱམཱཌི་ལ་བརྙན་འཕྲིན་རྒྱང་སྲིང་སྐབས་ཚུལ་མིན་གྱི་གནད་དོན་སྟོན་པས་ཕྱིར་འབུད་གཏོང་ཡོད་པ་རེད་འདུག།

དེའང་པཱཀིསྟཱན་ཁྲིམས་ཁང་མཐོ་ཤོས་ཀྱིས་ཡི་ཤུའི་བུད་མེད་ཨ་སེ་ཡ་བི་བི་ཡི་ཨི་སི་ལམ་ལ་སྨད་ར་གཏོང་བའི་ཁྲིམས་ཀྱི་གནད་དོན་གྱི་གསོག་ཐོག་ཉེས་ཆད་གཏོང་བའི་བཀའ་ཁྲོལ་མ་གནང་ཡོད་པ་རེད་འདུག།

ཕྲུ་གུ་༤ ཡི་ཨ་མ་ཡིན་པའི་གུང་ལོ་༤༧ གསོན་པའི་ཨ་སི་ཡ་བི་བི་ལ་ཕྱི་ལོ་༢༠༡༠ ལོར་རང་རེའི་ཁྱིམ་ཚེས་དང་ལྷན་དུ་ཁ་རྫིང་སྐབས་སུ་ཨི་སི་ལམ་ཁ་ཆེའི་ཆོས་ལུགས་སུ་སྨད་ར་གཏོང་བས་བཙོན་བཅུག་བྱེད་ཡོད་པ་རེད་འདུག།