འོས་བསྡུ་ལྷན་ཁང་གིས་ཨོཌིཤཱ་གཞུང་ལ་འོས་བསྡུ་ལ་ཉེ་བའི་ཆཏྟིསྒར་མངའ་སྡེ་དང་ས་མཚམས་སྒོ་རྒྱབ་དགོས་སྐོར་གསུངས་བ།

འོས་བསྡུ་ལྷན་ཁང་གིས་འོས་བསྡུ་དྲང་པོ་དང་འཇམ་པོ་ཡོང་ཆེད་དུ་ཨོཌིཤཱ་གཞུང་ལ་འོས་བསྡུ་ལ་ཉེ་བའི་ཆཏྟིསྒར་མངའ་སྡེ་དང་ས་མཚམས་སྒོ་རྒྱབ་དགོས་སྐོར་གསུངས་གནང་ཡོད་པ་རེད་འདུག།   དེའང་ཆཏྟིསྒར་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུ་རིམ་པ་གཉིས་སུ་ཚོགས་རྒྱུ་ཡིན་པ་ནི་འདི་ཟླའི་ཕྱི་ཚེས་༡༢ དང་༢༠ ལ་ཡིན་པ་རེད་འདུག།

ཆཏྟིསྒར་མངའ་སྡེའི་ནང་དུ་སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་པོའི་འོས་མི་རྣམས་ཀྱི་དཔྱད་ཞིབ་དེ་རིང་བྱེད་རྒྱུ་ཡིན་པ་རེད་འདུག།   དེའང་ལས་རིམ་དང་པོའི་འོས་བསྡུའི་ཆེད་དུ་འོས་མིར་སྙན་ཞུའི་དུས་ཚོད་རྫོགས་ཚར་པ་རེད་འདུངག།

ཆཏྟིསྒར་མངའ་སྡེའི་ནང་གི་ས་གནས་༡༨ ཀྱི་འཐུས་མིའི་འོས་བསྡུ་ཆེད་དུ་ཁས་ས་ཉིན་མཐའ་མའི་བར་དུ་འོས་མི་༢༥༠ ཙམ་གྱིས་འོས་བསྡུའི་སྙན་ཞུ་༤༢༡ ཐོ་རྒྱབ་ཡོད་པ་རེད་འདུག་པ་དང་ཉིན་མཐའ་མར་འོས་མི་རྣམས་ཀྱིས་འོས་བསྡུའི་སྙན་ཞུ་༣༢༣ གྱིས་ཐོ་རྒྱབ་ཡོད་པ་རེད་འདུག།
འོས་བསྡུ་ལས་རིམ་དང་པོའི་ཆེད་དུ་འོས་མིར་སྙན་ཞུ་རྒྱབ་པ་དེ་རྣམས་ཕྱིར་འཐེན་བྱེད་རྒྱུའི་ཆེད་དུ་ཉིན་མཐའ་མ་འདི་ཟླའི་ཚེས་༢༦ ཡིན་པ་རེད་འདུག།   དེའང་ཆཏྟིསྒར་མངའ་སྡེའི་ནང་དུ་འཐུས་མིའི་ས་གནས་༩༠ ཡོད་པ་དང་དེ་རྣམས་ཀྱི་འོས་བསྡུ་ལས་རིམ་གཉིས་ཀྱི་བརྒྱུད་བྱེད་རྒྱུ་ཡིན་པ་ནི་ཕྱི་ཟླ་༡༡ ཚེས་༡༢ དང་ཚེས་༢༠ ལ་བྱེད་ཡོད་པ་རེད་འདུག།