རྒྱ་གར་དང་ལྷོ་ཀོ་རེ་ཡའི་གཉིས་ཀྱི་འབྲེལ་བ་གཏིང་ཟབ་དུ་གཏོང་པ།

རྒྱ་གར་སྲིད་བློན་མོ་དི་མཆོག་གི་མགྲོན་ཤོག་གཏིང་བ་བཞིན་ཀིམ་ལྗང་སུག་མཆོག་ནི་ཀི་རི་ཡའི་བུ་མེད་དང་པོ་རྒྱ་གར་ལ་ཕེབས་གནང་ཡོད་པ་རེད། རྒྱ་གར་དང་ལྷོ་ཨེ་ཤི་ཡའི་བར་རྒྱལ་རབས་ སྤྱི་ཚོགས་དང་རིག་གཞུང་སོགས་ཀྱི་འབྲེལ་བ་གཏིང་ཟབ་དུ་གཏོང་ཆེད་དང་མཉམ་དུ་ལྕམ་ཀིམ་ཇོང་སུག་མཆོག་ནས་རྒྱལ་མོ་སུ་རི་ར་ཏ་མཉམ་དུ་རྒྱ་གར་གྱི་ལོ་གསར་ཡང་ན་དི་པ་ལི་སྲུང་རྩིས་ཟབ་རྒྱས་ཞུ་གནང་ཡོད་པ་རེད། དུས་རབས་༤༨ནང་དུ་རྒྱ་གར་གྱི་སྲས་མོ་སུ་རི་ར་ཏ་མཆོག་ཀོ་རི་ཡའི་རྒྱལ་པོ་ཀིམ་སུ་རོ་མཉམ་དུ་འཁྲུངས་ས་་སྐྱོན་ཡོད་པ་རེད། ལྕམ་ཀིམ་ཇོང་སུག་མཆོག་ནི་ལྷོ་ཀོ་རི་ཡའི་བེུད་དང་པོ་རྒྱ་གར་སྲིད་བློན་མོ་དི་དང་ཕྱི་སྲིད་བློན་ཆེན་སུས་མ་ས་ཝ་རཇ་་མཉམ་དུ་རྒྱལ་རབས་དང་རིག་གཞུང་སྐོར་ལ་ཚོགས་འདུ་ཚོགས་ཡོད་པ་དང་ཕན་ཚུལ་བར་ལ་འབྲེལ་ལམ་ལེགས་པོ་ཡོང་ཆེད་ལ་གྲོས་བསྡུར་གནང་ཡོད་པ་རེད།

རྒྱ་གར་དང་ལྷོ་ཀོ་རི་ཡའི་གཉིས་དབར་ལ་སྤྱི་ཚོགས་ རྒྱལ་རབས་དང་འདུ་ཤེད་ཀྱི་འབྲེལ་ལམ་རྣམས་ནི་རྒྱལ་ཁབ་གཉིས་ཀྱི་བར་དམིགས་གསལ་འཐབ་ཇུས་ཞིག་ཡིན་པ་དང་རྒྱ་གར་ནས་ཀོ་རེ་ཡའི་ནང་དུ་དམག་འཁུག་ཡོང་པའི་རྗེས་སུ་ཞི་བེད་སྒྲུབ་འབྲས་ཐོན་རྒྱུ་ཆེད་དུ་དཀའ་ངལ་རྒྱབ་ཡོད་པ་རེད། ཕྱི་ལོ་༡༩༤༧ལོར་རྒྱལ་ཚོགས་ཚོགས་འདུ་སྐབས་སུ་ཀ་པི་ས་མི་ལོན་མཆོག་ནས་ཚོགས་གཙོའི་འགན་ཟེས་ཡོད་པ་རེད། ཕྱི་ལོ་༡༩༥༣ཟླ་བ་༧ཚེས་༢༧ལ་ཀོ་རེ་ཡའི་དམག་འཁྲུག་སྐབས་སུ་རྒྱ་གར་ནས་བྱིན་བདག་ཐོན་པའི་རྒྱུད་ནས་མེ་མདའ་འཕེང་ཡོད་པ་རེད། གཟན་ཡང་རྒྱ་གར་དམག་མིའི་དམཔ་དཔོན་སྐུ་ཞབས་ཐམ་མེ་ཡ་མཆོག་ནས་རྒྱལ་ཡོངས་ཚོགས་པའི་ཚོགས་གཙོའི་འགན་ཞེས་ཡོད་པ་དང་སྐབས་དེ་དུས་དམག་གྱི་དཀའ་ངལ་མང་པོ་བསེལ་ཡོད་པ་རེད།

དེང་སང་ལྷོ་ཀོ་རེ་ཡའི་སྲིད་བྱུས་གསར་པ་དང་རྒྱ་གར་གྱི་ཤར་ཕྱོགས་ཀྱི་སྲིད་བྱུས་གཉིས་ཀྱི་རྒྱུད་ནས་དམངས་གཙོའི་རིན་ཐང་ དཔལ་འབྱོར་དང་ཚོང་སོགས་ཀྱི་རང་དབང་དང་ཁྱིམས་ཀྱི་སྒྲིག་གཞི་སོགས་ཕན་ཚུལ་སྤེལ་རེས་བྱེད་བཞིན་ཡོད་པ་རེད། ཕྱི་ལོ་༢༠༡༨ཟླ་བ་༧པའི་ནང་ལྷོ་ཀོ་རེ་ཡའི་སྲིད་འཛིན་མུན་ཇ་ཨིན་མཆོག་རྒྱ་གར་གྱི་མངའ་བསྡེ་ནང་དུ་ཕེབས་གནང་པ་དང་སྐབས་དེ་དུས་རྒྱལ་ཁབ་གཉིས་དབར་་ཞི་བདེ་ ལྷིང་འཇགས་་དང་མཛའ་གྲོགས་ཉར་རྒྱུ་ཡིན་ལུགས་གྲོས་བསྡུར་གནང་ཡོད་པ་རེད། རྒྱ་གར་གམི་སྱིད་བློན་མི་དིའི་ཤར་ཕྱོགས་ཀྱི་སྲིད་ཇུས་ནང་དུ་ལྷོ་ཀོ་རེ་ཡ་ནི་གཙོ་བོ་ཡིན་འདུག།

རྒྱ་གར་གྱི་དཔལ་འབྱོར་ལས་འཆར་་་ཁག་་དང་ལྷོ་ཨེ་ཤེ་ཡའི་མཚོན་ཆ་ཡར་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་ཕན་ཚུལ་དབར་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་སོགས་རྟེན་འདེད་གནང་ཡོད་པ་རེད། དཔལ་འབྱོར་ཡར་རྒྱས་མཉམ་འབྲེལ་ཐེབས་ཚ་ནས་ལས་འཆར་རྣམས་ལ་ཕན་རླབས་ཆེན་པོ་བྱུང་ཡོད་པ་རེད། ལྷོ་ཀོ་རི་ཡ་ནི་རྒྱ་གར་གྱི་ཚོང་འབྲེལ་གྱི་མཉམ་རུབ་གལ་ཆེ་ཞིག་ཡོད་པ་རེད། རྒྱ་གར་དང་ལྷོ་ཨེ་ཤེ་ཡའི་མཉམ་འབྲེལ་ཡར་རྒྱས་འགྲོ་བ་ལ་རྟེན་ནས་བདེ་འཇགས་དང་ཚན་རྩལ་གསལ་སྤེལ་གནང་ཡོད་པ་རེད། ཕྱི་ལོ་༢༠༡༧ལོར་རྒྱ་གར་དང་ལྷོ་ཀོ་རི་ཡ་དབར་ལ་བདེ་འཇགས་མཉམ་འབྲེལ་བཟོ་གྲ་ཐོག་ལ་མཚན་རྟགས་སྐྱོན་ཡོད་པ་རེད། རྒྱལ་ཁབ་གཉིས་བར་འཐབ་ཇུས་མཉམ་རུབ་དང་མཉམ་འབྲལ་རོགས་བསྐྱོར་སོགས་འབྲེལ་ལམ་བཟང་དུ་གཏོང་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

ཡང་རྒྱལ་ཁབ་གཉིས་ཀྱི་བར་ལ་འཇིགས་བསྐུལ་རིང་ལུགས་ དྲག་པོ་ མི་རིགས་དབྱེ་བྱེད་དང་དུལ་ཕྲན་མཚོན་བྱའི་གནོན་འཚེ་སོགས་ཀྱི་ཐོག་ལ་་སེམས་འཚབ་བྱེད་བཞིན་ཡོད་པ་དང་དེའི་ཐོག་ལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད། རྒྱ་གར་གྱི་ཀོ་རེ་ཡའི་སྲིད་འཛིན་མོན་ཇི་ཨིན་མཆོག་གྱི་ཞི་བདེ་དང་འབྲེལ་བའི་ལས་འཆར་རྣམས་ལ་རྒྱབ་བསྐྱོར་གནང་ཡོད་པ་རེད།

རྒྱ་གར་གྱི་སྲིད་འཛིན་མོ་དི་མཆོག་ནས་ཀོ་ར་ཡའི་རྒྱལ་ས་སོལ་ལ་ཞི་བདེ་འི་གཞིང་རྟགས་འཕུལ་གནང་པ་དང་དེའ་རྒྱུད་ནས་རྒལ་ཁབ་ནང་དུ་སཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྩོག་རྙོག་མྱུང་དུ་གཏོང་རྒྱུ་ཆེད་ཡིན་འདུག། རྒྱ་གར་དང་ལྷོ་ཀོ་རེ་ཡའི་བར་དམིགས་བསལ་བདེ་འཇགས་དདང་ཞི་བདེ་འི་འཐབ་ཇུས་ཐོག་གཏིང་ཟབ་དུ་གཏོང་རྒྱུ་ཆེད་ཕན་ཚུལ་གྲོས་བསྡུར་གཏིང་ཟབ་དུ་གཏོང་ཡོད་པ་རེད།

མ་དཔེ།  ཊྲ་ལི་བ་སུ། ཤར་དང་ལྷོ་ཨེ་ཤེ་ཡའི་འཐབ་ཇུས་དཔྱད་ཞིབ་པ།