སི་རི་ལང་ཀར་བློན་ཆེན་གསར་པ་གསུམ་འགན་འཁུར་དམ་བཅའ་བཞེས་པ།

༄། ཁས་ས་ཕྱི་དྲོ་སི་རི་ལང་ཀར་གཞཡང་གསར་པའི་སྲ་བརྟན་ཐེ་ཚོམ་ཐོག་བློན་ཆེན་གསར་པ་གསུམ་འགན་འཁུར་དམ་བཅའ་བཞེས་ཡོད་འདུག་ སྲིད་བློན་གསར་པའི་སྤུན་ཟླ་དང་དབུས་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཅཱ་མལ་ར་ཇ་པཀ་སཱ་བརྩི་པའི་བློན་ཆེན་གསུམ་ལ་སྲིད་འཛིན་མཱ་ཐི་ར་པཱ་ལ་སི་རི་སེ་ནས་དམ་བཅའ་འབུལ་བཞེས་གནང་འདུག་

དེ་ཡང་སྲིད་འཛིན་མཆོག་ཁས་ས་ཀོ་ལོམ་བོར་སྲིད་བློན་གསར་པ་ར་ཇ་པཀ་སའི་རྒྱབ་སྐྱོར་བའི་གོ་སྒྲིག་བྱེད་བའི་མི་མང་འདུ་འཛོམས་སུ་ཁོང་གི་ཐག་གཅོད་ལས་ཕྱིར་འཐེན་གནང་རྒྱུ་མེད་པ་དང་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་མང་ཚོགས་བར་འཁྲུག་འཛིང་སླང་བའི་བྱ་སྤྱོད་གང་ཡང་མ་གནང་བའི་རེ་སྐུལ་ཞུས་འདུག་ ད་དུང་ཁོ་བོས་གྲོས་ཚོགས་ཚོགས་གཙི་ཀ་རུ་ཇ་ཡ་སུ་རི་ཡཱ་དང་དད་ཡུ་ཨེན་པི་སྲིད་དོན་ཚོགས་པའི་ཚོགས་གཞོན་ས་ཇིཊ་པིརི་མཱ་རྡ་ས་གཉིས་ཀྱིས་སྲིད་བློན་གྱི་གོ་དབང་ཁས་ལེན་མི་བྱེད་དེ་མཐར་སྐུ་ཞབས་ར་ཇ་པཀ་སཱ་ལ་ཕུལ་བ་འགྲེལ་བརྗོད་གནང་ངོ།