སྲུང་སྐྱོབ་བློན་ཆེན་མཆོག་གིས་སྲུང་དམག་རྣམས་སུ་སྤྱི་ཚོགས་དྲ་རྒྱའི་ནང་དུ་གང་ཐོང་བ་དེར་ཡིད་ཆེས་བྱེད་མི་དགོས་པའི་དོགས་སྐུལ་གནང་བ།

སྲུང་སྐྱོབ་བློན་ཆེན་ནིརམཱལཱ་སིཏཱརཱམན་མཆོག་གིས་སྲུང་དམག་རྣམས་སུ་སྤྱི་ཚོགས་དྲ་རྒྱའི་ནང་དུ་གང་ཐོང་བ་དེར་ཡིད་ཆེས་བྱེད་མི་དགོས་པའི་དོགས་སྐུལ་གནང་ཡོད་པ་རེད་འདུག།

ད་དུང་དེ་སྔོན་སྲུང་སྐྱོབ་བློན་ཆེན་ནིརམཱལཱ་སིཏཱརཱམན་མཆོག་གིས་ཇཱམུ་ཀཱཤྨིར་མངའ་སྡེའི་ནང་དུ་སྲུང་སྐྱོབ་གནས་སྟངས་ཐོག་སྐྱར་ཞིབ་གནང་ཡོད་པ་རེད་འདུག།

དེའང་ཉེ་སྔོན་དབུས་གཞུང་གི་ཇཱམུ་ཀཱཤྨིར་མངའ་སྡེ་ལ་དམིགས་བསལ་སྐུ་ཚབ་ཌིནེཤ་ཤཱརམཱ་མཆོག་གིས་ཁས་ས་ཇཱམུ་ནང་དུ་མི་སྐྱུམའི་སྐུ་ཚབ་ལྷན་རྒྱས་དང་ཆབ་སྲིད་པ་༡༥ ལྷག་ཙམ་གྱི་ལྷན་དུ་གྲོས་མོལ་གནང་ཡོད་པ་རེད་འདུག

ཇཱམུ་ཀཱཤྨིར་མངའ་སྡེར་དབུས་གཞུང་གི་དམིགས་བསལ་སྐུ་ཚབ་པ་ཌིནེཤཝཱར་ཤཱརམཱ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་ཨེན་ཨེན་ཝོརཱ་དང་མངའ་སྡེའི་བློན་ཆེན་མེབུབཱ་མུཕཏི་མཆོག་རྣམས་ཀྱི་ལྷན་དུ་ཇཱམུ་ལ་ཁས་ས་མཇལ་འཕྲད་གནང་ཡོད་པ་རེད་འདུག་   དེའི་མཇལ་འཕྲད་དེའི་སྐབས་སུ་མེབུབཱ་མུཕཏི་མཆོག་གིས་སྤྱི་ཚོགས་དྲ་རྒྱ་ཊྭི་ཊར་ལ་ཇཱམུ་ཀཱཤྨིར་ཐོག་ཡོངས་སྒྲིལ་གྱི་གྲོས་མོལ་ནི་དཀའ་ངལ་གསལ་ཐབས་ཀྱི་ཆེད་དུ་ཐབས་ལམ་གཅིག་པོ་དེ་ཡིན་སྐོར་གསུངས་འདུག།