ཨ་རི་ཡི་གྲོས་ཚོགས་སུ་རྒྱ་གར་རིགས་རྒྱུད་ཀྱི་ཨ་རི་མི་བཞི་གྲེ་མོ་ཀེརེཊ་སྲིད་དོན་ཚོགས་པ་ལས་བསྐྱར་དུ་འོས་འདེམས་བྱུང་བ།

༄། ཨ་རི་ཡི་གྲོས་ཚོགས་སུ་རྒྱ་གར་ཕ་རྒྱུན་གྱི་ཨ་རི་མི་བཞི་གྲེ་མོ་ཀེརེཊ་སྲིད་དོན་ཚོགས་པ་ལས་བསྐྱར་དུ་འོས་འདེམས་བྱུང་ཡོད་འདུག་ ཨ་རི་སྲིད་འཛིན་གྲོ་ནལ་ཊ་རམ་མཆོག་གིས་སྔར་གྲངས་དམག་སྐབས་རུས་ལྷན་དུ་འཇོག་པའི་རྒྱང་རིམ་འབྲིང་བའི་རྡུལ་འཕྲན་མཚོན་ཆའི་གྲོས་དོན་མཚན་རྟགས་ཨའི་ཨེན་ཨེཕ་གྲོས་མཐུན་ལས་ཕྱིར་འཐེན་གནང་རྒྱུ་ཡིན་ཞེས་བརྗོད་འདུག་ ཁོ་བོས་ཁས་ས་ཕྱི་དྲོ་ནེ་ཝི་གྲྭ་གྲོང་འཁྱེར་ཨའི་ཨེན་ཨེཕ་གྲོས་མཐུན་ལས་ཕྱིར་འཐེན་གནང་བ་དང་རུས་དང་རྒྱ་ནག་གཉིས་ཀྱིས་གྲོས་མཐུན་གསར་པ་གཏན་འབེབ་མ་གནང་བར་མཚོན་ཆ་བཟོས་བསྐྲུན་གནང་རྒྱུ་ཡིན་པ་གསར་འགོད་གསལ་བསྒྲགས་གནང་འདུག་ ལྷག་པར་དུ་ཁོ་བོས་རུས་རྒྱལ་ཁབ་ཀྱིས་ལོ་མང་པོ་ནས་གྲོས་དོན་གདལ་བཤིག་གཏོང་བཞིན་ཡོད་པ་སྐྱོན་འཛུགས་གནང་འདུག་

དེའང་ཨའི་ཨེན་ཨེཕ་ཆིངས་ཡིག་ནི་ཨ་རི་ཡི་སྲིད་འཛིན་རོ་ནལཊ་རེ་གྷེན་དང་ཡུ་ཨེས་ཨེས་ཨར་ཡི་སྲིད་འཛིན་མི་ཀེལ་གྷོར་བ་ཅེཝ་གཉུས་ཀྱིས་ཕྱི་ལོ་༡༩༨༧ ལོར་རྒྱང་ཚང་འབྲིང་བ་དང་འཐུང་བའི་འཕུར་མདའ་འདོར་བའི་མུ་མཐུད་མཚན་རྟགས་གནང་ངོ།