དམག་མི་ལ་མེ་མདའ་གསར་པ་མཚན་རྟགས་ཀེ་ནཱ་ཨིན་ཝཇ་རཱ་དང་ཨེམ་སེ་ཝེན་སེ་ཝེན་སེ་ཝེན་ཧཱ་ཝིཊ་ཛར་ཐོབ་པ།

༄། རེས་གཟའ་པ་སངས་ཉིན་མ་ཧཱ་རཤ་ཊ་ར་མངའ་སྡེའི་ན་ཤིཀ་གྲོང་འཁྱེར་གྱི་རྡིའུ་ལཱ་ལི་མེ་སྒྱོགས་ལྟི་གནས་སུ་དམག་མི་ཡིས་རྒྱལ་སྲུང་མེ་སྒྱོགས་མཚོན་ཆ་དང་ཡོ་ཆས་སུ་མེ་མདའ་གསར་པ་མཚན་རྟགས་ཀེ་ནཱ་ཨིན་ཝཇ་རཱ་དང་ཨེམ་སེ་ཝེན་སེ་ཝེན་སེ་ཝེན་ཧཱ་ཝིཊ་ཛར་བསྐོ་འཛུགས་གནང་འདུག་ དེ་ཡང་མཚོན་ཆ་བསྐོ་འཛུགས་ཀྱོ་མཛད་སྒོར་རྒྱལ་སྲུང་བློན་ཆེན་ནིར་མཱ་ལ་སི་ཏཱ་རམ་དང་སྤྱི་ཁྱབ་དམག་དཔོན་བྷི་པིན་རཱ་ཝཊ་ལྷན་གཉིས་ཀྱིས་མཉམ་ཞུགས་གནང་ངོ།