པ་པུ་ཝ་ས་ཁུལ་ལ་ཨིན་ཌོ་ནེ་ཤི་ཡའི་སྲུང་དམག་གིས་གྱེན་ལོག་པའི་འགོ་འཁྲིད་ལ་རྗེས་འདེད་བྱེད་པའི་ནང་དུ་མི་གསུམ་གསོད་པའི་སྐོར།

པ་པུ་ཝ་ས་ཁུལ་ལ་ཨིན་ཌོ་ནེ་ཤི་ཡའི་སྲུང་དམག་གིས་གྱེན་ལོག་པའི་འགོ་འཁྲིད་ལ་རྗེས་འདེད་བྱེད་པའི་ནང་དུ་མི་གསུམ་གསོད་ཡོད་པ་དང་དེའི་ནང་ནས་གཉིས་པ་པུ་ཝ་ཁ་བྲལ་རིང་ལུགས་ཀྱི་གྱེན་ལོག་པ་གཉིས་གསོད་པ་དང་གཞན་མི་གསུམ་པ་ཞིག་ཀྱང་གསོད་ཡོད་པ་རེད་འདུག།

དེའང་གནས་ཚུལ་གཞན་གྱི་ནང་དུ་ཉེ་སྔོན་ཨིནྜོནེཤིཡའི་རྒྱལ་ནང་དུ་རྒྱལ་ཁབ་ཀྱི་གཞུང་འབྲེལ་མི་སྣ་ཁག་གིས་ས་མོ་རེ་གྲིའི་འཐབ་རྒོལ་པ་༤ མེ་མདའ་རྒྱབ་སྟེ་གསོད་པ་ཡོད་པ་རེད་འདུག་   འཐབ་རྒོལ་པ་རྣམས་ཀྱིས་སྐོར་སྲུང་སྤྱི་ཁྱབ་ལས་ཁུངས་སུ་རྒོལ་འཛིང་བྱས་ཡོད་པ་དང་དེས་རྐྱེན་པས་སྐོར་སྲུང་བ་ཞིག་གསོད་ཡོད་པ་དང་གཞན་གཉིས་སུ་རྨས་སྐྱོན་ཤོར་ཡོད་པའི་སྐོར་བཤད་གསལ་འདུག།   འཐབ་རྒོལ་དེ་ནི་ཁ་ཆེའི་མངའ་སྡེ་ཞེས་པའི་དྲག་སྤྱོད་པའི་སྡེ་ཡིས་ཁས་ལེན་བྱེད་ཡོད་པ་རེད་འདུག་པ་དང་སུརཱབཱཡཱ་རྒྱལ་སར་འཐབ་རྒོལ་གནང་བ་དེར་སྐོར་སྲུང་བས་ས་གནས་ཀྱི་ཁ་ཆེའི་མངའ་སྡེ་དྲག་སྤྱོད་པ་ལ་སྐྱོན་བརྗོད་ཁ་གཡོག་པ་རེད་འདུག།