ཕྱི་ལོ་༢༠༡༨ ཟླ་བ་བརྒྱད་པའི་ནང་རྒྱལ་ཡོངས་སུ་དྲ་རྒྱའི་བརྒྱུད་ཉོ་ཚོང་ལག་ལེན་གྱི་ཧིན་སྒོར་བྱེ་བ་༢༤༤ རུ་འཕར་བ།

༄། སྔར་ལོ་༢༠༡༦ ཟླ་བ་བཅུ་པའི་ནང་རྒྱལ་ཡོངས་སུ་དྲ་རྒྱའི་བརྒྱུད་ཉོ་ཚོང་ཧིན་སྒོར་གྲངས་འདྲེན་ནས་ལོ་འདིའི་ཟླ་བ་བརྒྱད་པའི་ནང་གསུམ་ལྡབ་འཕར་སྟེ་རྒྱལ་ཡོངས་སུ་དྲ་རྒྱའི་བརྒྱུད་ཉོ་ཚོང་ལག་ལེན་གྱི་ཧིན་སྒོར་བྱེ་བ་༢༤༤.༨༡ རུ་འཕར་ཡོད་འདུག དེ་ཡང་དབུས་གློག་དཔྱད་རིག་གནས་དང་བརྡ་ལན་འཕྲུལ་ཆས་ལྷན་ཁང་གིས་རྒྱལ་ས་ལྡི་ལིར་གྲངས་ཐོ་འདྲེན་སྤེལ་ཞུས་སྟེ་གྲངས་ཐོ་དེ་ཡིས་འདས་པའི་ལོ་གཉིས་ནང་རྒྱལ་ཡོངས་སུ་དྲ་རྒྱའི་བརྒྱུད་ཉོ་ཚོང་དང་ལེན་གནང་མཁན་གྱི་གྲངས་འབོར་ཆེན་པོ་འཕར་ཡོད་པ་བསྟོན་ཐུབ་པ་གསལ་བསྒྲགས་གནང་འདུག་གོ།