བི་ཇེ་པི་ཆབ་སྲིད་ཚོགས་པ་དང་ཀོང་རེ་སི་ཆབ་སྲིད་ཚོགས་པས་ཆཏྟིསྒར་མངའ་སྡེར་འོས་བསྡུའི་ལས་འགུལ་ཤུགས་ཆེ་རུ་གཏོང་བ།

བི་ཇེ་པི་ཆབ་སྲིད་ཚོགས་པ་དང་ཀོང་རེ་སི་ཆབ་སྲིད་ཚོགས་པས་ཆཏྟིསྒར་མངའ་སྡེར་འོས་བསྡུའི་ལས་འགུལ་ཤུགས་ཆེ་རུ་གཏོང་ཡོད་པ་རེད་འདུག་པ་དང་སྲིད་བློན་ནཱརེནཌྲཱ་མོདི་མཆོག་དང་ཀོང་རེ་སི་ཡི་སྲིད་འཛིན་རཱཧུལ་གཱནྡི་མཆོག་གཉིས་ཀྱིས་ཁས་ས་རེས་གཟའ་པ་སངས་སུ་འདུ་འཛོམས་དུ་མར་གསུང་བཤད་གནང་ཡོད་པ་རེད་འདུག།

དེའང་ཇགཌཱལཔུར་ལ་འོས་བསྡུའི་ལས་འགུལ་སྐབས་སུ་སྲིད་བློན་མཆོག་གིས་ཁོང་གི་གཞུང་གིས་ཆཏྟིསྒར་མངའ་སྡེའི་ཡར་རྒྱས་ལ་དོ་དབྱིངས་ཡོད་སྐོར་གསུངས་བ་དང་ད་དུང་མངའ་སྡེའི་ནང་དུ་ཡར་རྒྱས་གང་མགྱོགས་ཡོང་ཆེད་དུ་ཕྱག་ལས་དུས་རྟག་ཏུ་གནང་གིས་ཡོད་སྐོར་གསུངས་འདུག།

ཀནཀེར་ས་གནས་སུ་འོས་བསྡུའི་ལས་འགུལ་སྐབས་སུ་ཀོང་རེ་སི་འགོ་འཁྲིད་མཆོག་གིས་དེ་སྔོན་གཞུང་གིས་ཤོག་དངུལ་རྩ་མེད་བཟོ་བའི་ལས་གཞི་དེར་སྐྱོན་བཙུགས་གནང་འདུག།