བྷང་ལ་དེཤ་རུ་གྲོས་ཚོགས་འོས་ཙསྡུ་ཟླ་བ་རྗེས་མའི་ཚེས་༢༣ ལ་ཚུགས་རྒྱུ།

༄། བྷང་ལ་དེཤ་རྒྱལ་ཡོངས་འོས་བསྡུ་ལྷན་ཁང་གི་ཚོགས་གཙོ་ཀེ་ཨེམ་ནུ་རུལ་ཧ་གྲ་མཆོག་གིས་རེའ་གཟའ་ཕུར་བུར་ཉིན་ཟླ་བ་རྗེས་མའི་ཚེས་༢༣ ལ་རྒྱལ་ཡཔངས་གྲོས་ཚོགས་ཚུགས་རྒྱུ་ཡིན་པ་གསར་འགོད་གསལ་བསྒྲགས་གནང་འདུག་ ཁོ་བོས་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་ཆེད་ཧ་ལམ་གྲ་སྒྲིག་ཆ་ཚང་ལེགས་སྒྲུབ་བྱུང་ཡོད་པ་དང་རྒྱལ་ཁབ་དུ་རད་དབང་དང་དྲང་བདེན་གྱི་འོས་བསྡུ་ཡོངས་བར་གནས་སྟངས་མཐུན་པ་ཡོད་བཅས་བརྗོད་འདུག་

དེ་བཞིན་སྐུ་ཞབས་ཧུ་གྲ་མཆོག་གིས་སྲིད་དོན་ཚོགས་པ་ཚང་མ་ལ་འོས་བསྡུའི་ལས་གཞིར་མཉམ་ཞུགས་གནང་བ་དང་འདི་ཟླའི་ཚེས་༡༩ ནི་འོས་མིར་མིང་མོས་དང་དེབ་འགོད་གནང་རྒྱུ་ཉིན་མཐའ་མ་ཡིན་བཅས་གསལ་བསྒྲགས་གནང་འདུག་གོ།