རྒྱ་གར་གྱིས་ཨི་རན་གྱི་ས་སྣུམ་ཉོ་མཆོག་པའི་ཨ་རིའི་བཀའ་ཁྲོལ་ཆག་ཡང་ལ་ཞིབ་ཕྲ་བརྟགཞིབ་གནང་བཞིན་པ།

༄། རེས་གཟའ་པ་སངས་སུ་རྒྱ་གར་གྱིས་ཨི་རན་གྱི་ས་སྣུམ་ཉོ་མཆོག་པའི་ཨ་རིའི་བཀའ་ཁྲོལ་ཆག་ཡང་ལ་ཞིབ་ཕྲ་བརྟགཞིབ་གནང་བཞིན་ཡོད་པ་གསལ་བསྒྲགས་གནང་འདུག་ དེ་ཡང་ཉིན་ཤས་སྔོན་ཨི་རན་དུ་རྒྱ་གར་གྱིས་ཅཱ་བྷར་གྲུ་ཚུགས་བཟོས་བསྐྲུན་གྱི་ལས་འཆར་དུ་ཨ་རི་ཡིས་སྲིད་དོན་བཀའ་བཅད་ཁ་ཤས་ལས་ཆག་ཡང་གཏོང་ཡིད་འདུག་ དེ་བཞིན་ཨ་རི་ཡིས་ཕྱི་སྲིད་བློན་ཆེན་མའིཀ་པོམ་པིའོ་མཆོག་གིས་ཨི་རན་གྱི་ས་སྣུམ་ཉོ་པ་ན་སྲིད་དོན་ཉེས་འཛུགས་ཀྱི་བཀའ་བཅད་ལས་རྒྱ་གར་བརྩི་པའི་རྒྱལ་ཁབ་བརྒྱད་ལ་ཆག་ཡང་གཏོང་ཡོད་པ་གསལ་བསྒྲགས་གནང་འདུག་ ཁོ་བོས་ཨ་རི་ཡི་རྒྱལ་ས་ཝ་ཤིང་ཊན་དུ་རྒྱལ་ཁབ་བརྒྱད་ཡི་ཐོ་གཞུང་རྣམས་ཨ་རི་སྲིད་དོན་བཀའ་བཅས་ལས་ཆག་ཡང་གཏོང་ཡོད་པ་གསར་འགོད་གསལ་བསྒྲགས་གབང་འདུག་

དེའང་ཐོ་གཞུང་དེར་རྒྱ་ནག་དང་ཉེ་ཧོང་ ཨི་ཊ་ལི་ གྷི་རིས་ ལྷོ་ཀོ་རི་ཡ་ ཏའི་ཝན་དང་ཊར་ཀི་བཅས་ཡིན་འདུག་ སྐུ་ཞབས་པོམ་པིའོ་མཆོག་གིས་རྒྱལ་ཁབ་དེ་ཚོས་ཨ་རི་སྲིད་འཛིན་གྲོ་ནལ་ཊ་རམ་མཆོག་གིས་ཨི་རན་ལས་ས་སྣུམ་ཉོ་བའི་སྲིད་དོན་བཀའ་བཅད་བསྐྱར་དུ་ལག་བསྟར་གསལ་བསྒྲགས་སྐབས་ས་སྣུམ་ཉོ་སྒྲུབ་ཉུང་དུ་གཏོང་ཡོད་པ་འགྲེལ་བརྗོད་གནང་འདུག་གོ།