སི་ཡོལ་རྒྱལ་སའི་ནང་དུ་ཁང་བཟང་མེ་ཤོར་བའི་རྐྱེན་ངན་གྱི་ནང་དུ་མི་བདུན་འདས་གྲོངས་སུ་སོང་བ།

ལྷོ་ཀོ་རི་ཡའི་རྒྱལ་ནང་དུ་སི་ཡོལ་རྒྱལ་སའི་ནང་དུ་ཁང་བཟང་མེ་ཤོར་བའི་རྐྱེན་ངན་གྱི་ནང་དུ་མི་བདུན་འདས་གྲོངས་སུ་སོང་ཡོད་པ་རེད་འདུག།

ད་དུང་ཉེ་སྔོན་ལྷོ་ཀོ་རི་ཡའི་རྒྱལ་ནང་གི་མིར་ཡང་ཞེས་པའི་ས་ཁུལ་གྱི་ལྷོ་ཤར་ཁུལ་གྱི་སྨན་ཁང་ལ་མེ་འབར་བས་འདས་གྲོངས་སུ་ཕྱིན་པའི་མིའི་གྲངས་ཚད་༤༡ ལ་སླེབས་ཡོད་པ་རེད་འདུག་པ་དང་གཞུང་འབྲེལ་གནས་ཚུལ་ལྟར་ན་གཞན་མི་༨༠ ལས་མང་བ་ལ་རྨས་སྐྱོན་ཐབས་སྡུག་ཤོར་ཡོད་པ་རེད་འདུག།

དེའང་ཡོན་ཧབ་གསར་འགྱུར་པ་ལྟར་ན་མེ་དེ་དང་པོ་སེ་ཇོང་སྨན་ཁང་གི་ཛ་དྲག་སྡེ་ཚན་ནས་འགོ་བཙུགས་ཡོད་པ་དང་སྨན་ཁང་དེར་དམིགས་བསལ་མི་རྒན་པ་རྣམས་ཀྱི་ལྟ་རྟོགས་བྱེད་ཀྱི་ཡོད་པ་རེད་འདུག།