རཱཇཱསྟཱན་དང་ཏེལཱགཱཾནཱ་མངའ་སྡེའི་ནང་དུ་གྲོས་ཚོགས་ཀྱི་འོས་བསྡུའི་ཆེད་དུ་ལས་འགུལ་རྒྱ་ཆེ་སྤེལ་བའི་སྐོར།

རཱཇཱསྟཱན་དང་ཏེལཱགཱཾནཱ་མངའ་སྡེའི་ནང་དུ་གྲོས་ཚོགས་ཀྱི་འོས་བསྡུའི་ཆེད་དུ་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད་པ་རེད་འདུག།   དེའང་མངའ་སྡེ་གཉིས་ཀའི་ནང་དུ་ཟླ་བ་རྗེས་མའི་ཕྱི་ཚེས་༧ ལ་འོས་བསྡུ་གནང་རྒྱུ་ཡིན་པ་རེད་འདུག།

དེའང་ཏེལཱགཱཾནཱ་མངའ་སྡེའི་ནང་དུ་བི་ཇེ་པི་ཆབ་སྲིད་ཚོགས་པའི་འགོ་འཁྲིད་དང་དབུས་ནང་སྲིད་བློན་ཆེན་རཱཇནཱཐ་སིགཾ་མཆོག་དང་ཀོང་རེ་སི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་རཱཧུལ་གཱནྡི་མཆོག་དང་ཊི་ཨར་ཨེ་སི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཅཱནྡྲཱསེཁཱར་རཱཧོ་མཆོག་ངང་ཊི་ཌི་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཨེན་ཅཱནྡྲཱབཱབུ་ནཻཌུ་མཆོག་རྣམས་ཀྱིས་མངའ་སྡེའི་ནང་དུ་ཆབ་སྲིད་ལས་འགུལ་དུ་མའི་ནང་དུ་གསུང་བཤད་གནང་ཡོད་པ་རེད་འདུག།
ད་དུང་རཱཇཱསྟཱན་མངའ་སྡེའི་ནང་དུ་ཆབ་སྲིད་ལས་འགུལ་ཤུགས་ཆེན་པོ་གནང་གིས་ཡོད་པ་དང་ཆབ་སྲིད་ཚོགས་པའི་འགོ་འཁྲིད་དུ་མ་དང་བི་ཇེ་པི་དང་ཀོང་རེ་སི་ཡི་ཆབ་སྲིད་ཚོགས་པའི་འགོ་འཁྲིད་རྣམས་ཀྱིས་ཀྱང་མངའ་སྡེ་དེར་དོ་དབྱིངས་གནང་ཡོད་པ་རེད་འདུག།