གཞུང་གིས་CoP-24 རྒྱ་གར་གྱི་ཆེད་དུ་གལ་གནད་ཀྱི་ཚོགས་ཆེན་ཞིག་ཡིན་སྐོར།

ཁས་ས་རེས་གཟའ་པ་སངས་སུ་གཞུང་གིས་CoP-24 རྒྱ་གར་གྱི་ཆེད་དུ་གལ་གནད་ཀྱི་ཚོགས་ཆེན་ཞིག་ཡིན་པའི་སྐོར་གསུངས་འདུག།

དེའང་དེ་སྔོན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་འགོ་འཛིན་ཨེན་ཀྲོ་ནིའོ་གུ་ཏེ་རེས་མཆོག་གིས་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ལ་ཨུ་ཚུགས་འགོ་མཁྲེགས་སྤོང་སྟེ་བསྟུན་མཁས་འགྲིག་འཇགས་ཐོག་གནམ་གཤིས་འགྱུར་ལྡོག་གི་དཀའ་རྙོག་སེལ་བར་པེ་རིས་གནམ་གཤིས་མཐུན་གྲོས་མུ་མཐུད་ལག་བསྟར་གནང་བར་འབོད་སྐུལ་ཞུས་འདུག་ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་དུ་གསར་འགོད་གཏམ་བཤད་དུ་སྐུ་ཞབས་གུ་ཏེ་རེས་མཆོག་གིས་རྒྱལ་སྤྱིའི་དབུ་ཁྲིད་ཁག་ལ་གནམ་གཤིས་ཀྱི་དཀའ་རྙོག་ཐོག་གོ་དབང་དང་མངོན་འདོད་སྟོན་པར་འབོད་འདུག་ ཁོ་བོས་དབུ་ཁྲིད་ཀྱི་ཁྱད་ཆོས་གཞན་ཞིག་ནི་བསྟུན་མཁས་སྒྲིག་འཇགས་ཐུབ་པ་ཡང་ཡིན་བཅས་བརྗོད་འདུག་  སྐུ་ཞབས་མཆོག་པོ་ལེཊ་གྲོང་འཁྱེར་ཀ་ཊོ་ཝིས་སུ་འགོ་ཚུགས་གནང་རྒྱུའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ལྷན་ཚོགས་COP24 རུ་རྒྱལ་ཁབ་༢༠༠ ལྷག་གི་སྐུ་ཚབ་དོན་གཅོད་ཁག་གིས་མཉམ་ཞུགས་གནང་བའི་ཆེའ་མཐོའུ་ལྷན་ཚོགས་སུ་ཕེབས་ཞུགས་གནང་རྒྱུ་ཡིན་འདུག་