དེ་རིང་ནི་རྒྱལ་སྤྱི་གཉན་ནད་རེག་དུག་གི་ཉིན་མོ་ཡིན་པ།

དེ་རིང་ནི་རྒྱལ་སྤྱི་གཉན་ནད་རེག་དུག་གི་ཉིན་མོ་ཡིན་པ་རེད་འདུག།   རྒྱལ་སྤྱི་གཉན་ནད་རེག་དུག་གི་ཉིན་མོ་དེ་ནི་ལོ་ལྟར་ཕྱི་ཟླ་༡༢ ཚེས་༡ ལ་སྲུང་བརྩི་ཞུ་ཡིས་ཡོད་པ་དང་དེ་བྱེད་དགོས་དོན་ནི་མི་མང་རྣམས་སུ་ནད་རིགས་དེའི་གོ་རྟོགས་སྤེལ་ཆེད་དུ་ཡིན་པ་རེད་འདུག་   ན་ཚ་དེ་ནི་Human Immunodeficiency Virus ཞེས་མཁན་གྱི་གཉན་སྲིན་དེས་ན་ཚ་དེ་བྱུང་གིས་ཡོད་པ་རེད་འདུག།

དེའང་ན་ཚ་དེ་ཡིས་མི་ས་ཡ་༣༥ ཙམ་གནོད་སྐྱོན་གྱིས་གསོད་ཡོད་པས་ལོ་རྒྱུས་ནང་དུ་ཡོངས་ཁྱབ་རིམས་ནད་ཡིན་པ་རེད་འདུག།