རྒྱ་གར་དང་ཉེ་ཧོང་དང་ཨ་རི་ཡིས་ཨིན་ཌོ་པེ་སི་ཕིག་ས་ཁུལ་དུ་ཞེ་བདེ་ལྷིང་འཇགས་ཡོང་ཆེད་ཀྱི་ཁྲིམས་ཀྱི་སྟངས་འཛིན་ལ་ཁས་ལེན་གནང་བ།

རྒྱ་གར་དང་ཉེ་ཧོང་དང་ཨ་རི་ཡིས་ཨིན་ཌོ་པེ་སི་ཕིག་ས་ཁུལ་དུ་ཞེ་བདེ་ལྷིང་འཇགས་ཡོང་ཆེད་ཀྱི་ཁྲིམས་ཀྱི་སྟངས་འཛིན་ལ་ཁས་ལེན་གནང་ཡོད་པ་རེད་འདུག།

དེའང་དེ་སྔོན་ཨ་རི་ཡི་དམག་དཔུང་རྙིང་ཤོས་དང་ཆེ་ཤོས་པེ་སི་ཕིཀ་དམག་དཔུང་གི་མིང་རྒྱ་གར་ཨ་རི་པེ་སི་ཕིཀ་དམག་དཔུང་Indo-Pacific Commandཞེས་མིང་བསྒྱུར་བཅོས་གནང་ཡོད་འདུག་ ཨ་རི་ཡི་རྒྱལ་སྲུང་དྲུང་ཆེ་ཇིམ་མེ་ཊིས་མཆོག་གིས་ཧ་ཝཡེ་མངའ་སྡེ་ཡི་པཱརལ་ཧར་བྷར་གྲོང་འཁྱེར་དུ་གསལ་བསྒྲགས་གནང་འདུག་ ཁོ་བོས་རྒྱ་གར་རྒྱ་མཚོ་ནི་ཨ་རི་ཡི་དམག་དོན་འབྲེལ་ལམ་དུ་འགལ་གལ་ཆེ་རུ་ཕྱིན་པར་རྟེན་མིང་ལེགས་བཅོས་གནང་ཡུན་བཅས་འགྲེལ་བརྗོད་གནང་འདུག་ ཁོ་བོས་རྒྱ་གར་རྒྱ་མཚོའི་ངོས་སུ་ཨ་རི་ཡི་མཐུན་ཕྱོགས་རྒྱལ་ཁབ་དང་རོགས་ཟླ་རྣམས་ཀྱིས་མཉམ་རུབ་ཞི་བདེ་ལྷིང་འཇགས་བསྐྲུན་པར་གལ་ཆེན་པོ་ཆག་ཡོད་པ་དང་དེ་བཞིན་ཨ་རི་ཡིས་རང་ཉིད་མཐུན་ཕྱོགས་རྒྱལ་ཁབ་ཀྱི་རང་བདག་དབང་ཚད་ལ་གུས་བཀུར་ཞུ་བཞིན་ཡོད་བཅས་བརྗོད་འདུག་ ད་ལན་གྱི་བྱ་སྤྱོད་ནི་རྒྱ་གར་རྒྱ་མཚོའི་ངོས་སུ་རྒྱ་ནག་གི་གནོན་ཤུགས་དང་དབང་ཤུགས་ཁྱབ་གདལ་ལ་ཡ་ལན་ཡིན་པ་ཚང་མའི་ཁེ་ལེན་གནང་བཞིན་ཡོད་འདུག་ ད་དུང་ཨ་རི་གཞུང་གིས་ཉེ་ཆར་རང་ཉིད་ཀྱི་ཨེ་ཤི་ཡ་པེ་སི་ཕིཀ་དམག་དཔུང་གི་མིང་རྒྱ་གར་པེ་སི་ཕིཀ་དམག་དཔུང་ཞེས་མིང་བསྒྱུར་སྟེ་རྒྱ་གར་ལ་ཨེ་ཤི་ཡའི་ངོས་སུ་རྒྱལ་ཁབ་གལ་ཆེན་ཞིག་ཏུ་ངོའ་འཛིན་གནང་ངོ།