འོས་བསྡུ་ལྷན་ཁང་གི་ཚོགས་གཙོ་གསར་པ་སྐུ་ཞབས་སུནིལ་ཨཱརོརཱ་མཆོག་གིས་འོས་བསྡུ་རང་དབང་ལྡན་པ་དང་དྲང་བདེན་ཐོག་གནང་རྒྱུ་ནི་གལ་གནད་ཆེ་ཤོས་སུ་བརྩི་འཇོག་གནང་རྒྱུ་ཡིན་པའི་སྐོར་གསུངས་བ།

ཁས་ས་རེས་གཟའ་ཉི་མར་འོས་བསྡུ་ལྷན་ཁང་གི་ཚོགས་གཙོ་གསར་པ་སྐུ་ཞབས་སུནིལ་ཨཱརོརཱ་མཆོག་གིས་འོས་བསྡུ་རང་དབང་ལྡན་པ་དང་དྲང་བདེན་ཐོག་གནང་རྒྱུ་ནི་གལ་གནད་ཆེ་ཤོས་སུ་བརྩི་འཇོག་གནང་རྒྱུ་ཡིན་པའི་སྐོར་གསུངས་གནང་ཡོད་པ་རེད་འདུག།   དེའང་སྐུ་ཞབས་ཨཱརོརཱ་མཆོག་གིས་འོས་བསྡུ་ལྷན་ཁང་གི་ཚོགས་གཙོའི་འགན་ལན་ཁས་ས་སྔ་དྲོར་གནང་ཡོད་པ་དང་ཁོང་ལ་ཕྱི་ལོ་༢༠༡༧ ཟླ་༩ ནང་དུ་འོས་བསྡུ་ལྷན་ཁང་གི་ཚོགས་གཙོར་བསྐོ་གཞག་གནང་འདུག།