མཐུན་སྒྲིལ་གྱི་སྐུ་འདྲ་ནི་ཡུལ་སྐོར་སྤྲོ་འཆམ་པའི་འགྲོ་ཡུལ་མང་ཤོས་ཤིག་ཡིན་པའི་སྐོར།

གུཇཱརཱཏ་མངའ་སྡེའི་ནཱརམཱཌཱ་ས་ཁུལ་ལ་ཡོད་པའི་མཐོ་ཚད་མི་ཊར་༡༨༢ ཡོད་པའི་སཱརདཱར་པཱཊེལ་མཆོག་གི་མཐུན་སྒྲིལ་གྱི་སྐུ་འདྲ་ནི་རྒྱལནང་ནས་ཡུལ་སྐོར་སྤྲོ་འཆམ་པའི་འགྲོ་ཡུལ་མང་ཤོས་ཤིག་ཡིན་པ་རེད་འདུག།

དེ་སྔོན་སྲིད་བློན་ནཱརེནཌྲཱ་མོདི་མཆོག་གིས་དེ་རིང་ཆིག་སྒྲིལ་གྱི་སྐུ་འདྲ་ཞེས་པ་དེ་གུཇཱརཱཏ་མངའ་སྡེར་ཞལ་དབྱེ་གནང་རྒྱུ་ཡིན་པ་རེད་འདུག་པ་དང་ཁོང་གིས་སྐུ་འདྲ་དེ་རྒྱལ་ཡོངས་སུ་བསྔོ་བྱང་གནང་ཡོད་པ་རེད་འདུག།   དེའང་ནཱརམཱཌཱ་ས་ཁུལ་གྱི་ཀེཝཱདིཡཱ་ལ་ཡོད་པའི་སཱརཌཱར་ཝཱལཱབབཱཡི་པཱཊེལ་མཆོག་གི་སྐུ་འདྲ་མི་ཊར་༡༨༢ ཡིན་པ་དེ་ནི་ཚེ་འདས་འགོ་འཁྲིད་མཆོག་གི་སྐྱེས་སྐར་དུས་དྲན་སྐབས་རྒྱལ་ཡོངས་སུ་བསྔོ་བྱང་གནང་རྒྱུ་ཡིན་པ་རེད་འདུག།