སྲིད་འཛིན་གཞོན་པ་མཆོག་གིས་མངའ་སྡེ་གཞུང་དང་རྒྱལ་ཡོངས་ས་ཁུལ་ལམ་ཡུ་ནོན་ཊེ་རི་ཊོ་རི་ལ་དབང་པོ་སྐྱོན་སྤྱོད་ཤོར་བའི་ཐོབ་ཐང་གི་ཁྲིམས་ལག་སྟར་བྱེད་དགོས་སྐོར་གསུངས་བ།

ཁས་ས་རེས་གཟའ་ཟླ་བར་སྲིད་འཛིན་གཞོན་པ་ཝེནཀཱཡཱ་ནཻཌུ་མཆོག་གིས་མངའ་སྡེ་གཞུང་དང་རྒྱལ་ཡོངས་ས་ཁུལ་ལམ་ཡུ་ནོན་ཊེ་རི་ཊོ་རི་ལ་དབང་པོ་སྐྱོན་སྤྱོད་ཤོར་བའི་ཐོབ་ཐང་གི་༢༠༡༦ ལོའི་ཁྲིམས་ལག་སྟར་བྱེད་དགོས་སྐོར་གསུངས་གནང་ཡོད་པ་རེད་འདུག།
དེའང་སྲིད་འཛིན་གཞོན་པ་མཆོག་གིས་ཁས་ས་རྒྱལ་སྤྱི་དབང་པོ་སྐྱོན་བཅོས་ཀྱི་ཉིན་མོར་རྒྱལ་ས་ལྡི་ལིར་རྒྱལ་ཡོངས་གཟེངས་རྟགས་གནང་བའི་སྐབས་གསུངས་འདུག།