ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་གར་དང་འབྲུག་ཡུལ་དབར་ཚོང་འབྲེལ་དང་དཔལ་འབྱོར་འབྲེལ་བ་ཡར་རྒྱས་གཏོང་གིས་ཡོད་པའི་སྐོར་གསུངས་བ།

ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཝིཇེ་གོཁཱལེ་མཆོག་གིས་རྒྱ་གར་དང་འབྲུག་ཡུལ་དབར་ཚོང་འབྲེལ་དང་དཔལ་འབྱོར་འབྲེལ་བ་ཡར་རྒྱས་གཏོང་གིས་ཡོད་པའི་སྐོར་གསུངས་གནང་ཡོད་པ་རེད་འདུག།

དེའང་དྲུང་ཆེ་མཆོག་གིས་རེས་གཟའ་ཟླ་བར་རྒྱལ་ས་ལྡི་ལི་ལ་ཚོགས་པའི་རྒྱ་གར་དང་འབྲུག་གི་འབྲེལ་ལམ་དང་མ་འོངས་མདུན་ལམ་ཞེས་པའི་ཚོགས་འདུར་གསུང་བཤད་གནང་དེ་ལྟར་གསུངས་ཡོད་པ་རེད་འདུག།
ཁོང་གི་ད་དུང་རྒྱ་གར་དང་འབྲུག་ཡུལ་གིས་རྒྱལ་ཁབ་གཉིས་ཀར་ཕན་ཡོན་ཡོད་པའི་ལས་གཞིའི་ཐོག་ཕྱག་ལས་གནང་གིས་ཡོད་སྐོར་གསུངས་འདུག།