སྲིད་འཛིན་གཞོན་པ་མཆོག་གིས་ཝིཇེཝཱཌཱ་ནས་སིང་ག་པོར་དབར་གྱི་ཐད་ཀར་གནམ་གྲུའི་ཞབས་འདེགས་དབུ་འབྱེད་གནང་བ།

ཁས་ས་རེས་གཟའ་མིག་དམར་གྱི་ཕྱི་དྲོར་ཝིཇེཝཱཌཱ་རྒྱལ་སྤྱི་གནམ་ཐང་དུ་སྲིད་འཛིན་གཞོན་པ་སྐུ་ཞབས་ཨེམ་ཝེནཀཱཡཱ་ནཻཌུ་མཆོག་གིས་ཝིཇེཝཱཌཱ་ནས་སིང་ག་པོར་དབར་གྱི་ཐད་ཀར་གནམ་གྲུའི་ཞབས་འདེགས་དབུ་འབྱེད་གནང་ཡོད་པ་རེད་འདུག།

དེའང་སྲིད་འཛིན་གཞོན་པ་ནཻཌུ་མཆོག་གིས་ཝིཇེཝཱཌཱ་ནས་སིང་ག་པོར་དབར་གྱི་ཐད་ཀར་གནམ་གྲུའི་ཞབས་འདེགས་འགོ་བཙུགས་ཡོད་པ་དེས་ཚོང་འབྲེལ་དང་ཡུལ་སྤྲོ་འཆམ་པའི་ལས་དོན་ཐོག་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་ཡིན་སྐོར་གསུངས་འདུག།
ད་དུང་ཁོང་གིས་མཁའ་ལྡིང་གི་ལས་དོན་གནམ་གྲུ་ལ་སོགས་པས་འབྲེལ་ལམ་དང་གླ་ལས་མང་ཙམ་གཏོང་བ་མ་ཡིན་པ་དང་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པའི་སྐོར་ཡང་གསུངས་འདུག།