གཙང་པོ་གགཱཾ་གཙང་མ་བཟོ་ཆད་ཀྱི་རྒྱལ་ཡོངས་ལས་གཞིའི་ཆེད་དུ་གཞུང་གིས་ལས་འཆར་༢༥༤ ལ་ཧིན་སྒོར་བྱེ་བ་སྟོང་ཕྲག་༢༤ བཀའ་ཁྲོལ་གནང་བ།

གཙང་པོ་གགཱཾ་གཙང་མ་བཟོ་ཆད་ཀྱི་རྒྱལ་ཡོངས་ལས་གཞིའི་ཆེད་དུ་གཞུང་གིས་ལས་འཆར་༢༥༤ ལ་ཧིན་སྒོར་བྱེ་བ་སྟོང་ཕྲག་༢༤ བཀའ་ཁྲོལ་གནང་ཡོད་པ་རེད་འདུག།

དེའང་ཆུ་དང་གཙང་པོ་གོང་འཕེལ་དང་གགཱཾ་གཙང་བཟོའི་ལས་དོན་གྱི་བློན་ཆེན་ནིཏིན་གཱཌཀཱརི་མཆོག་གིས་ལས་གཞི་དེའི་འོག་ལོ་བཞིའི་ནང་ལ་ཧིན་སྒོར་བྱེ་བ་སྟོང་ཕྲག་ལྔ་འགྲོ་སོང་གཏོང་ཡོད་སྐོར་གསུངས་འདུག།

སྐུ་ཞབས་གཱཌཀཱརི་མཆོག་གིས་ཁས་ས་རེས་གཟའ་ལྷག་པ་ལ་རྒྱལ་ལྡི་ལིར་ཚོགས་པའི་༢༠༡༨ ལོའི་རྒྱ་གར་ཆུའི་སྣུན་ཤུགས་ཚོགས་ཆེན་ལད་དུང་གཞུང་གིས་ལས་གཞི་དེར་ཡོང་རྒྱུའི་ལོ་གསུམ་གྱི་ནང་དུ་ཧིན་སྒོར་བྱེ་བ་སྟོང་ཕྲག་གསུམ་གཏོང་རྒྱུའི་ཐག་གཅོད་གནང་ཡོད་སྐོར་གསུངས་འདུག།