ཏུཀ་ཀི་ཡིས་གསར་འགོད་ལས་རིག་པ་ཀ་ཤོ་གྷི་སྲོག་གཅོད་ཉེས་འཛུགས་ཐོག་སའུབརྡི་གཞུང་འབྲེལ་མི་སྣ་གཉིས་འཛིན་བཟུང་བྱེད་པའི་འཛིན་བཟཧང་བཀའ་ཤོག་གཏོང་བ།

༄། ཏུཀ་ཀི་ཡིས་གསར་འགོད་ལས་རིག་པ་ཀ་ཤོ་གྷི་སྲོག་གཅོད་ཉེས་འཛུགས་ཐོག་སའུབརྡི་གཞུང་གི་འབྲེལ་མི་གསང་བའི་ལས་ཁུང་གི་འགོ་འཛིན་ཟུར་པ་དང་རྒྱལ་པོ་མོ་ཧོ་མད་བིན་སལ་མཱན་མཆོག་གི་ལས་རོགས་བཅས་གཞུང་འབྲེལ་མི་སྣ་གཉིས་འཛིན་བཟུང་བྱེད་པའི་འཛིན་བཟུང་་བཀའ་ཤོག་གཏོང་འདུག་

ཟླ་བ་སྔོན་མ་གསར་འགོད་པའི་ཁ་གཏད་དུ་ཁྲིམས་འགལ་བྱ་སྤྱོད་ཀྱི་ཉེས་ཆད་ཆག་ཡང་མཚམས་འཇོག་གི་རྒྱལ་སྤྱིའི་ཉིན་མོར་སྐུ་ཞཙས་ཀུ་ཊེ་རེས་མཆོག་གིས་གསེ་འགོད་ལས་རིག་པ་རྣམས་ཀྱིས་ཉེན་བརྡ་དང་འཇིགས་སྐུལ་ལ་མ་ལྟོས་པར་རང་ཁྲིད་ལས་འགན་སྒུབ་པར་བརྙན་འཕྲིན་བརྒྱུད་བསྟོད་འདུག་

དེ་ཡང་འདས་པའི་ལོ་བཅུ་ཕྲག་གཅིག་ནང་གསར་འགོད་པ་༡༠༡༠ ལྷགགསར་འགྱུར་གནས་ལུགས་བརྗོད་པར་གསོད་ཡོད་འདུག་ དེ་དག་ལས་ཁ་མཆུ་བཅུ་ལས་དགུར་ནག་ཉེས་ཅན་ལ་ཉེས་ཆད་གཏོང་མེད་འདུག་ ད་ལོ་ཁོ་ནར་གསར་འགོད་པ་ཉུང་ཐར་༨༨ གསོད་པ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གྲངས་ཐོ་སྟོན་ཡོད་འདུག་གོ།