རྒྱ་གར་དང་པི་རུ་གཉིས་ཀྱིས་ཤོ་ཁྲལ་ལས་དོན་ཐོག་མཉམ་ལས་དང་ཕན་ཚུན་རོགས་སྐྱོར་གནང་བའི་གྲོས་མཐུན་མཚན་རྟགས་སྐྱོན་པ།

༄། རེས་གཟའ་ལྷག་པའི་ཉིན་རྒྱ་གར་དང་པི་རུ་གཉིས་ཀྱིས་ཤོ་ཁྲལ་ལས་དོན་ཐོག་མཉམ་ལས་དང་ཕན་ཚུན་རོགས་སྐྱོར་གནང་བའི་གྲོས་མཐུན་མཚན་རྟགས་སྐྱོན་འདུག་ རྒྱལ་ཁབ་གཉིས་ཀྱིས་ཨཕ་རི་ཀ་འཕེལ་རྒྱས་མཉམ་ལས་མུ་མཐུད་གནང་བའི་གྲོས་མཐུན་མཚན་རྟགས་གནང་འདུག་ ཁ་སང་རྒྱལ་ས་ལྡི་ལིར་དངུལ་རྩིས་ལྷན་ཁང་གི་ལས་འཕར་དྲུང་ཆེ་ས་མིར་ཀུ་མར་ཁེ་རཱ་དང་ཨེ་ཤི་ཡ་འཕེལ་རྒྱས་དངུལ་གྱི་རྒྱ་གར་ཡན་ལག་གུ་ངེས་སྟོན་པ་གཉིས་ཀྱིས་ཨོ་གྲི་ས་ལག་རྩལ་འཕེལ་རྒྱས་ལས་འཆར་གྲོས་མཐུན་མཚན་རྟགས་མུ་མཐུད་གནང་འདུག་ ལས་འཆར་དེ་ཡིས་མི་འབུམ་༡.༥ ལྷག་སེཀ་ཊར་གལ་ཆེ་ཁག་ཏུ་བཟོ་སྐྲུན་དང་ཞབས་ཞུའི་ལག་རྩལ་སློབ་སྟེ་རྒྱུན་སྲོལ་གྱི་ལས་ཀ་ཐོབ་པར་ཕན་ནུས་སྒྲུབ་ཐུབ་བོ།