རྒྱལ་སྤྱིའི་དབུ་འཁྲིད་རྣམས་ཀྱིས་ཇོར་ཇི་བུ་ཤི་རྒན་པ་ལ་གུས་བརྩིས་ཞུ་རྒྱུ་ཡིན་པ།

རྒྱལ་སྤྱིའི་དབུ་འཁྲིད་རྣམས་ཨ་རི་ལ་སྲིད་འཛིན་ཟུར་པ་ཇོར་ཇི་བུ་ཤི་རྒན་པ་ལ་གུས་བརྩིས་ཞུ་ཆེད་དུ་ཕེབས་ཡོད་པ་རེད་འདུག།

དེའང་སྲུད་འཛིན་ཟུར་པ་ཁོང་ནི་རང་ཉིད་ཀྱི་ཁྱིམ་ཧུ་སི་ཊོན་ལ་གུང་ལོ་༩༤ ལ་འདས་གྲོངས་སུ་ཕེབས་ཡོད་པ་རེད་འདུག།   ཁོང་ལ་ཕོ་བྲང་དཀར་པོའི་ཉེ་འགྲམ་དུ་ཡོད་པའི་ཝ་ཤིང་ཊོན་རྒྱལ་ཡོངས་ལྷ་ཁང་ཆེན་མོར་ཨ་རིས་ཆེ་སྟོད་ཀྱི་ཕུང་པོ་འདོན་ལས་གནང་རྒྱུ་ཡིན་པ་རེད་འདུག།
དེར་དབྱིན་ཡུལ་གྱི་རྒྱལ་སྲད་ཅར་ལེ་སི་དང་ཇེར་མ་ནི་འགོ་འཁྲིད་ཨན་ཇེ་ལ་མེར་ཀེལ་མཆོག་དང་རྒྱལ་པོ་ཨབ་ཌུ་ལ་དང་ཇོར་ཌེན་རྒྱལ་མོ་ར་ནི་ཡ་མཆོག་དང་པོ་ལེན་ཌི་སྲིད་འཛིན་ལེ་ཅི་ཨ་ལེ་ས་རྣམས་ཀྱིས་ཕུང་པོ་འདོན་ལས་ཀྱི་མཛད་སྒོར་མཉམ་བཞུགས་གནང་རྒྱུ་ཡིན་པ་རེད་འདུག།