ལྡི་ལོའི་དངུལ་ཁང་མཐོ་བས་ཨོ་གྷས་ཏ་ཝེསཊ་ལེཌ་ཝི་ཝི་ཨསི་པི་ཐད་འཕུར་གནམ་གྲུ་ཉོ་ཚོང་སྐབས་ལྐོག་བརྔན་སྤྲོད་ལེན་གྱི་བར་ཁེ་རྒྱག་མཁན་ཁི་རིས་ཊེན་མེ་ཤིལ་སི་བྷི་ཨའི་དོ་དམ་འོག་ཉིན་ལྔ་རིང་གཏོང་བ།

༄། རེས་གཟའ་ལྷག་པའི་ཉིན་ལྡི་ལོའི་དངུལ་ཁང་མཐོ་བས་ཨོ་གྷས་ཏ་ཝེསཊ་ལེཌ་ཝི་ཝི་ཨསི་པི་ཐད་འཕུར་གནམ་གྲུ་ཉོ་ཚོང་སྐབས་ལྐོག་བརྔན་སྤྲོད་ལེན་གྱི་བར་ཁེ་རྒྱག་མཁན་ཁི་རིས་ཊེན་མེ་ཤིལ་སི་བྷི་ཨའི་དོ་དམ་འོག་ཉིན་ལྔ་རིང་གཏོང་འདུག་ ཁོ་བོ་ཁ་སང་ཕྱི་དྲོ་ལྡི་ལི་ཡི་ཨིན་རྡི་ར་གྷན་རྡི་རྒྱལ་སྤྱིའི་གནམ་ཐང་དུ་སི་བྷི་ཨའི་ཡིས་འཛིན་བཟུང་བྱས་སྟེ་དྲི་རྩད་བྱེད་བཞིན་ཡོད་འདུག་ ནག་ཉེས་ཅན་དེ་རིང་ལྡི་ལིའི་ཁྲིམས་ཁང་དུ་ཁྲིམས་གཏུགས་གནང་རྒྱུ་ཡིན་འདུག་ ནག་ཉེས་མི་ཤེལ་ཕྱིར་སྤྲོད་ཀྱི་བྱ་སྤྱོད་དེ་རྒྱལ་སྲུང་སློབ་སྟོན་པ་ཨ་ཇིཏ་རྡོ་ཝལ་མཆོག་གིས་ལམ་སྟོན་འོག་སྒྲུབ་འདུག་ དེའང་མི་ཤེལ་ཕྱིར་སྤྲོད་ཀྱི་ལས་གཞི་དེ་ཕྱི་སྲིད་བློན་ཆེན་སུཤ་མ་སུ་ཨ་རཇ་མཆོག་གིས་ཡུ་ཨེ་ཨི་ཡི་ཕྱི་སྲིད་བློན་ཆེན་ཨབ་རྡུ་ལཱ་བིན་ཇ་ཡཏ་ལྷན་དུ་རྡུ་བའི་དུ་རྒྱ་ཆེན་གྲོས་མོལ་གནང་བའི་ཉིན་དེར་བྱུང་འདུག་གོ།