སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་གྱི་ཞོར་ལ་ཨུ་རུ་སུ་དང་། རྒྱ་གར། རྒྱ་ནག་བཅས་ཀྱི་ཆེས་མཐོའི་ལྷན་ཚོགས་ལས་འཕེར་བྱུང་བ།

ལོ་ངོ་༡༢ཀྱི་སྟོང་ཆའི་རྗེས་རྒྱ་གར་དང་།ཨུ་རུ་སུ།རྒྱ་ནག་བཅས་ཀྱི་དབུ་ཁྲིད་རྣམས་བྷུ་ནོ་སི་ཨེའེར་དུ་འཚོགས་པའི་སྟོབས་ཆེན་རྒྱལ་ཁབ་༢༠ཡི་ཚོགས་ཆེན་གྱི་ཟུར་དུ་མཇལ་འཛོམས་བྱུང་ཡོད།མཇལ་འཛོམས་དེ་བཞིན་ཨུ་རུ་སུའི་སྲིད་འཛིན་ཝ་ལ་ཌི་མིར་པུ་ཊིན་གྱིས་ཐུགས་འཁུར་རྐང་བཞེས་གནང་བ་ལས་བྱུང་བ་ཞིག་རེད།

རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་དང་།རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་།ཨུ་རུ་སུའི་སྲིད་འཛིན་པུ་ཊིན་བཅས་ཀྱིས་རྒྱལ་ཁབ་གསུམ་གྱིས་མཉམ་ལས་བྱེད་ཐུབ་སའི་ཁྱབ་ཁོངས་སྣ་ཚོགས་ཤིག་གི་ཐོག་ལ་བགྲོ་གླེང་གནང་ཡོད། སྲིད་བློན་མོ་དྷི་མཆོག་གིས་ཚོགས་འདུ་དེ་ཧ་ཅང་ཡག་པོ་ཞིག་བྱུང་བར་འགྲེལ་བརྗོད་བྱས་ཡོད་པ་དང་དེའི་ཐོག་ནས་རྒྱལ་ཁབ་གསུམ་གྱི་མཛའ་མཐུན་མུ་མཐུད་སྲ་བརྟན་དང་འཛམ་གླིང་ཞི་བདེ་ཁྱབ་ཆེ་རུ་འགྲོ་རྒྱུ་བཅས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།ཁོང་གིས་ད་དུང་ཁོང་རྣམ་པའི་མཉམ་ལས་དེས་རྒྱལ་སྤྱིའི་སྡིང་ཆ་རྣམས་ཤུགས་ཆེ་རུ་གཏོང་རྒྱུ་དང་སྡིང་ལ་དེ་དག་དབར་ལ་བགྲོ་གླེང་སྔར་བས་རླབས་ཆེ་བ་ཡོང་རྒྱུར་སྐུལ་བཅག་གཏོང་ཐུབ་རྒྱུ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།

ད་དུང་ཁོང་རྣམ་པས་ལེགས་བཅོས་ཁག་གི་གལ་གནད་དང་མཉམ་སྦྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས།དེ་བཞིན་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཨེ་ཤི་ཡའི་འཕེལ་རྒྱས་དངུལ་ཁང་ལྟ་བུ་ཚུད་པའི་ཕྱོགས་མངས་སྒྲིག་འཛུགས་རྣམས་སྲ་བརྟན་དུ་གཏོང་རྒྱུ་བཅས་ལ་མོས་མཐུན་གནང་ཡོད།དབུ་ཁྲིད་རྣམ་གསུམ་གྱིས་ཕྱོགས་མངས་སྒྲིག་འཛུགས་འདི་དག་གིས་འཛམ་གླིང་ལ་ཕན་ཐོགས་ཐུབ་ཡོད་པར་ཡིད་ཆེས་བྱས་པ་རེད།ཁོང་རྣམ་པས་ཕྱོགས་མངས་ཚོང་འབྲེལ་ལམ་ལུགས་ཀྱི་གལ་གནད་དང་ཁེ་ཕན་དང་རྒྱལ་སྤྱིའི་འཕེལ་རྒྱས་དང་གཡུར་ཟའི་གྲུབ་འབྲས་ཀྱི་ཕྱིར་འཛམ་གླིང་དཔལ་འབྱོར་གུ་ཡངས་ཤིག་དགོས་པ་བཅས་ངོས་འཛིན་གནང་ཡོད།

བྷྲིག་སི་(བྷྲ་ཛིལ།ཨུ་རུ་སུ།རྒྱ་གར།རྒྱ་ནག ལྷོ་ཨ་ཕི་རི་ཀ་) དང་ཤང་གའི་མཉམ་ལས་ཚོགས་པ། ཤར་ཨེ་ཤི་ཡའི་ལྷན་ཚོགས་ལྟ་བུའི་ཕྱོགས་མངས་སྒྲིག་འཛུགས་རྣམས་རྒྱུད་ནས་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱལ་སྤྱིའི་ཞི་བདེ་དང་བརྟན་ལྷིང་གོང་འཕེལ་གཏོང་ཐབས་སླད་དབུ་ཁྲིད་རྣམ་གསུམ་གྱིས་མཉམ་ལས་ཤུགས་བསྐྱེད་ཕྱིར་རྒྱུན་གཏན་མཉམ་འདུས་གོ་རྟོགས་སྤེལ་རེས་ཞིག་བྱ་རྒྱུའི་མོས་མཐུན་གནང་ཡོད།ཁོང་རྣམ་པས་ཡིད་ཆེས་བྱེད་པར་གཞིགས་ན་ཐབས་ལམ་འདི་དག་གི་ཐོག་ནས་ཁོ་ཚོར་འཇིགས་སྐུལ་རིང་ལུགས་དང་གནམ་གཤིས་འགྱུར་ལྡོག་ལྟ་བུའི་རྒྱལ་སྤྱིའི་དཀའ་ངལ་ཁག་སེལ་རྒྱུ་དང་མི་མཐུན་པའི་ཆ་ཚང་མ་སེལ་རྒྱུ།མ་ཟད་གོད་ཆགས་ངལ་སེལ་དང་འགྲོ་བ་མིའི་བཟང་སྤྱོད་ཀྱི་རོགས་སྐྱོར་བཅས་ལ་ལེགས་སྐྱེས་འབུལ་ཐུབ་རྒྱུ་ཡིན་པ་བཅས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།རྒྱ་གར་སྲིད་བློན་མཆོག་གིས་སྔོན་ཐོན་རྒྱལ་ཁབ་རྣམས་ཀྱིས་ལྷག་པར་དུ་གནམ་གཤིས་འགྱུར་ལྡོག་ཐད་ལ་ཆོད་སེམས་ཇི་ཞན་དུ་འགྲོ་བཞིན་པར་རྟེན་རྒྱུན་གནས་འཕེལ་རྒྱས་ཀྱི་དམིགས་ཡུལ་འགྲུབ་མིན་ཐོག་ལ་བྱེ་བྲག་ཏུ་སེམས་འཚབ་ཡོད་སྐོར་གསུངས་ཡོད།

ནུབ་ཕྱོགས་པ་དང་ལྷག་པར་དུ་ཨ་རི་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱི་བློ་དྭོགས་སེལ་ཕྱིར་རྒྱལ་ཁབ་གསུམ་གྱིས་ཁོ་ཚོ་གསུམ་གཅིག་ཏུ་འདུས་པ་དེ་རྒྱལ་ཁབ་གསུམ་པ་ཞིག་གི་ཁ་གཏད་དུ་ལངས་པ་ཞིག་མ་ཡིན་པར་རྒྱལ་སྤྱིར་ཕན་པའི་ལེགས་སྐྱེས་འབུལ་ཆེད་དུ་ཡིན་ཚུལ་བཤད་ཡོད།ཨུ་རུ་སི་དང་།རྒྱ་གར།རྒྱ་ནག་གསུམ་གཅིག་ཏུ་འདུས་པ་དེ་དགའ་བསུ་ཞུ་འོས་པའི་བྱ་བ་ཞིག་རེད།དབུ་ཁྲིད་རྣམ་པ་གསུམ་ལ་ཁོ་ཚོ་སོ་སོའི་དམིགས་བསལ་ཁྱད་ཆོས་དེ་དག་གིས་རྒྱལ་སྤྱིའི་བརྟན་ལྷིང་ལ་ཕན་ཐོགས་ཐུབ་རྒྱུའི་ཚོར་སྣང་ཞིག་ཡོང་གི་ཡོད་པ་རེད།ཁོང་རྣམ་པས་རྒྱལ་སྤྱིའི་དཔལ་འབྱོར་འཛིན་སྐྱོང་འགོ་འདོན་ཐུབ་རྒྱུ་དང་དེའི་ཐོག་ནས་རྒྱལ་སྤྱིའི་ལམ་ལུགས་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།

ཕྱི་སྲིད་བློན་ཆེན་རྣམས་ལྷན་ཚོགས་གནང་གི་ཡོད་ཀྱང་རྒྱུ་མཚན་མང་དག་ཅིག་ལ་རྟེན་ནས་ཨུ་རུ་སུ་དང་རྒྱ་གར།རྒྱ་ནག་གསུམ་གྱི་ལྷན་ཚོགས་དེ་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་དབར་ལ་ཚོགས་ཀྱི་མེད་པ་རེད།ལྷན་ཚོགས་མཐའ་མ་དེ་སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༦ ནང་འཚོགས་ཡོད།

ངེས་གཏན་མེད་པར་གནས་པའི་རྒྱལ་སྤྱིའི་དཔལ་འབྱོར་ཚུད་པའི་འཛམ་གླིང་ལ་ཤུགས་རྐྱེན་བཟོ་ཆེད་ RIC འདི་ཉིད་རྒྱལ་ཁབ་གསུམ་པོ་འདིར་གལ་གནད་ཆེན་པོ་ཆགས་ཡོད།དབུ་ཁྲིད་རྣམ་གསུམ་གྱིས་རིཁ་ལྷན་ཚོགས་ནང་མཉམ་ལས་བྱ་རྒྱུའི་གལ་གནད་ངོས་འཛིན་གནང་སྟེ་ཕྱོགས་མངས་ཚོགས་ཆེན་ཁག་གི་སྐབས་ལ་མུ་མཐུད་ཕྱོགས་གསུམ་གྱི་མཇལ་འཕྲད་གནང་རྒྱུའི་མོས་མཐུན་གནང་ཡོད།ཁོང་རྣམ་པས་འཛམ་གླིང་ཞི་བདེ་དང་།བརྟན་ལྷིང་།འཔེལ་རྒྱས་བཅས་ལ་མཉམ་སྦྲེལ་ཐོག་ལེགས་སྐྱེས་འབུལ་ཕྱིར་འབྲེལ་མཏུད་ཆེད་བསྐྱེད་བྱ་རྒྱུ་དང་།ཐུན་མོང་གི་མོས་པ་བསྐྲུན་རྒྱུ།ཕྱོགས་གསུམ་གྱི་ཐོག་ནས་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུ་བཅས་མོས་མཐུན་གནང་ཡོད།

སྟོབས་ཆེན་རྒྱལ་ཁབ་༢༠ཡི་ཚོགས་ཆེན་ཞོར་ལ་ཨུ་རུ་སུ་དང་རྒྱ་གར་རྒྱ་ནག་བཅས་གསུམ་གཅིག་སྒྲིལ་བྱས་ཐུབ་པ་དེ་བཞིན་ཕྱོགས་གཅིག་རིང་ལུགས་དང་།མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བཀོད་ཁྱབ་མ་ཡིན་པའི་ཉེས་ཆས་ཁག་རང་སྲུང་རིང་ལུགས་བཅས་ལ་ཁ་གཏད་གཅོག་པའི་བརྡ་སྟོན་ཞིག་ཆགས་ཡོད།དབུ་ཁྲིད་གསུམ་གས་རྒྱལ་སྤྱིའི་ཁྲིམས་ལུགས་དང་སྒྲིག་འཛུགས།ཁྲིམས་ལུགས་ལ་གཞི་བཅོལ་བའི་གོ་རིམ་བཅས་ལ་གུས་རྩི་ཞུས་པའི་ཐོག་ནས་ཕྱོགས་མངས་རིང་ལུགས་ལ་རྒྱབ་སྐྱོར་བྱས་ཡོད།

སྟོབས་ཆེན་རྒྱལ་ཁབ་༢༠ཡི་ཚོགས་ཆེན་སྐབས་རྒྱ་གར་གྱིས་ཉི་ཧོང་དང་ཨ་རིའི་ལྷན་དུ་ཆེས་ཐོག་མའི་ཕྱོགས་གསུམ་གྱི་ཚོགས་ཆེན་སྐབས་རྒྱལ་སྤྱི་དང་ཕྱོགས་མངས་རིང་ལུགས་ཀྱི་ཁེ་ཕན་བཅས་གནད་དོན་ཆེ་གྲས་ཐོག་བགྲོ་གླེང་གནང་ཡོད།ཚོགས་ཆེན་དེའི་གལ་གནང་བཟུང་ས་གཙོ་བོ་དེ་བཞིན་རྒྱ་ནག་གིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁོངས་ནང་དཔུང་གཤེད་ཆེན་པོ་བརྐྱང་བཞིན་པ་དེ་དང་འབྲེལ་བ་ཆགས་ཡོད།ཚོགས་ཆེན་ཐོག་རྒྱ་གར་གྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁོངས་དེ་ཐུན་མོང་འཕེལ་རྒྱས་ཀྱི་ཁུལ་ཞིག་བཟོ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསལ་འདོན་གནང་ཡོད། སྲིད་བློན་ན་རེནྡྲ་མོ་དྷི་མཆོག་གིས་རྒྱ་གར་ལངས་ཕྱོགས་དང་འཆར་སྣང་གསལ་འདོན་བྱས་པའི་ཐོག་ནས་རྒྱ་གར་གྱིས་མུ་མཐུད་ཐུན་མོང་གི་རིན་ཐང་ཐོག་ལས་ཀ་བྱ་རྒྱུ་དང་ཉིང་ཧོང་དང་།ཨ་རི།རྒྱ་གར་གསུམ་གྱི་ཚོགས་པ་དེ་JAI ཞེས་མིང་གསར་པ་ཞིག་བཏགས་ཡོད།

རྒྱ་གར་ལ་མཚོན་ན་ས་བབ་ཆ་སྲིད་དང་དཔལ་འབྱོར་གྱི་ཁོར་ཡུག་ལ་འགྱུར་བ་ཧ་ཅང་མྱུར་པོ་འགྲོ་བཞིན་པའི་ཁྲོད་དབང་ཤུགས་ཆེ་གྲས་ཚང་མ་ཚུལ་ལྡན་འཁོད་སྙོམས་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་ཆགས་ཡོད།

མ་ཟིན། ཌག་ཌར་ཨིན་དྲ་ནི་ཏ་ལུག་ཊར། ཨུ་རུ་སུའི་འབྲེལ་ལམ་ཐོག་ཐབས་བྱུས་དཔྱད་ཞིབ་པ།