སྲིད་བློན་ནཱརེནཌྲཱ་མོདི་མཆོག་ནི་སྤྱི་ཚོགས་དྲ་རྒྱ་ཨིན་སི་ཊ་ག་རམ་གྱི་ནང་དུ་རྒྱལ་སྤྱིའི་དབུ་འཁྲིད་ནང་ནས་རྗེས་འཇུག་པ་མང་ཤོས་ཡོད་སྐོར།

སྲིད་བློན་ནཱརེནཌྲཱ་མོདི་མཆོག་ལ་རྗེས་འཇུག་པ་ས་ཡ་༡༤་༨ བྱུང་བས་ཁོང་ནི་སྤྱི་ཚོགས་དྲ་རྒྱ་ཨིན་སི་ཊ་ག་རམ་གྱི་ནང་དུ་རྒྱལ་སྤྱིའི་དབུ་འཁྲིད་ནང་ནས་རྗེས་འཇུག་པ་མང་ཤོས་ཡོད་པ་རེད་འདུག

དེའང་དྲ་རྒྱ་ལྡིངས་ཆ་ཊི་ཝིན་པི་པོ་མེ་སི་ཡིས་འདོན་པའི་ཐོའི་ནང་དཡ་སྲིད་བློན་མོདི་ཡི་རྗེས་སུ་ཨིན་ཌོ་ནེ་ཤི་ཡའི་སྲིད་འཛིན་ཇོ་ཀོ་ཝི་ཌོ་ཌོ་མཆོག་ལ་རྗེས་འཇུག་པ་ས་ཡ་༡༢་༢ ཡོད་པའི་མང་ཤོས་གཉིས་པར་ཡིན་པ་དང་དེའི་རྗེས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊྲམ་མཆོག་ལ་རྗེས་འཇུག་པ་ས་ཡ་༡༠ ཡོད་པས་གསུམ་པར་ཡིན་པ་རེད་འདུག།
སྲིད་བློན་མོདི་མཆོག་ནི་སྤྱི་ཚོགས་དྲ་རྒྱ་ཊྭི་ཊར་དང་ངོ་དེབ་རྣམས་སུའང་དུས་རྟག་ཏུ་གསུང་འཕྲིན་འབྲིས་གནང་བ་དང་ཁོང་ལ་ཊྭི་ཊར་ལ་རྗེས་འཇུག་པ་ས་ཡ་༤༣ དང་ངོ་དེབ་ལ་དགའ་མོལ་གནང་མཁན་ས་ཡ་༤༠ ཡོད་པ་ནི་རྒྱལ་སྤྱི་དབུ་འཁྲིད་ནང་ནས་མང་ཤོས་ཤིག་ཡིན་པ་རེད་འདུག།